ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལ་རྒྱལ་ཡོངས་རང་བཞིན་གྱི་མཚན་སྙན་གཉིས་ཐོབ་པ།
ཉེ་ཆར། 2026ལོའི《ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར》རིག་གནས་བསམ་བཀོད་ཐོན་ལས་གླེང་སྟེགས་དང་IPXགྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཧྲེན་ཀྲེན་ཚོགས་འགྲེམས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། བྱེད་སྒོ་སྤེལ་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་རིག་གནས་བསམ་བཀོད་བརྩམས་ཆོས《བོད་ལྗོངས་ཉིང་ཁྲིའི་ཀོང་པོའི་རིག་གནས་ཀྱི་ཐང་གར》མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་རིགས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། བྲག་ཡིབ་ཆུས་2026ལོའི《ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར》གྱི“རིག་གནས་བསམ་བཀོད་གྲོང་རྡལ་ཆུང་ངུ་རྩེ་གྲར”བདམས་པ་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་གྱི་འཐུས་མིའི་མིང་ཐོག་ནས་ཉིང་ཁྲིའི་བྲག་ཡིབ་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་ངོ་སྤྲོད་བྱས་ནས། བྲག་ཡིབ་ཀྱི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་བསམ་བཀོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཐོན་ཁུངས་རྒྱུན་མཐུད་སྔོག་འདོན་ལས་ལ་གཞོལ་ཏེ། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་IPཡིས་མཐུན་རྐྱེན་སྦྱོར་བའི་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས། ས་མཐོའི་དབྱེ་འབྱེད་ནུས་པ་ལྡན་པའི་རིག་གནས་ཡུལ་སྐོར་རིག་གནས་བསམ་བཀོད་ཀྱི་ཁྱད་ལྡན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། རྒྱལ་ཡོངས་ཀྱི་འགྲན་ཞུགས་གྲོང་ཁྱེར་མང་པོ་དང་ཡོངས་འདེམས་བརྩམས་ཆོས་མང་པོའི་ཁྲོད་ནས་བྲག་ཡིབ་ཆུས་འབུར་དུ་ཐོན་ཏེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་རིག་གནས་ཀྱི་འདིང་གཞི་ཟབ་མོ་དང་ཐུན་མོང་མ་ཡིན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལེགས་ཆ་དང་རིག་གནས་བསམ་བཀོད་གསར་གཏོད་ཀྱི་སྟོབས་ཤུགས་གང་ལེགས་མངོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།