ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟབ་གཏོང་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟབ་གཏོང་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟབ་གཏོང་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟབ་ཏུ་གཏོང་བའི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་ཉན་པ། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁུངས་སྣེ་མཐིལ་རྟོགས་དང་གྲལ་བཤེར་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་འཛིན་བཟུང་ཁྲིམས་སྦྱོར་གྱི་ཆོག་མཆན་སྤྲོད་པ་དང་། གཏུག་བཤེར་ལྟ་སྐུལ། གྱོད་གཏུག་དང་དག་སེལ། ཞིབ་དཔྱོད་མྱུལ་ཞིབ་སོགས་ཀྱི་འགན་ནུས་ཕྱོགས་བསྡུས་ངང་འདོན་སྤེལ་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། ནག་གཤེད་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་སྔོག་འདོན་དང་རྩིས་སྤྲོད་གཏིང་ཟབ་བྱེད་པ། གདུབ་ཟུམ་དོ་དམ་བྱེད་པ། རྗེས་སྙེག་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཞིབ་བཤེར་གཏིང་ཟབ་དང་མཐར་ཕྱིན་བྱེད་པ། དོན་ཚན་གཅིག་ཀྱང་མ་ལུས་པ་དང་། མི་གཅིག་ཀྱང་མ་ལུས་པ། དོན་དག་གཅིག་ཀྱང་མ་ལུས་པ་བཅས་བྱེད་དགོས་པ་དང་། རྡུང་རྡེག་ཚ་ནན་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ནག་གཤེད་དང་འབྲེལ་བའི་གྱོད་གཞི་ཐག་གཅོད་བྱེད་པ་དང་། “ཁྱད་མེད་གཉིས”དང“གྱོད་གཞི་གཅིག་ལ་ཞིབ་བཤེར་གསུམ”གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ཞིབ་དཔྱོད་མྱུལ་ཞིབ་ཀྱི་འགན་ནུས་འདོན་སྤེལ་བྱེད་པ། ཁྲིམས་འཛིན་ལས་དོན་པའི་འབྲེལ་ཡོད་ལས་ཐོག་ཉེས་གསོག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང“གདུགས་རྒྱ་གཉིས་གཏོར”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ནག་ཚོགས་དང་འབྲེལ་བ་དང་། གཤེད་ངན་ཚབས་ཆེན་དང་འབྲེལ་བ། ནག་ཚོགས་དང་འབྲེལ་བའི་གྱོད་གཞི་གསར་པ་བཅས་ལ་སྔོན་ཚུད་ནས་གནད་སྨིན་མྱུལ་ཞིབ་དང་དཔང་རྟགས་ལེན་རྒྱུར་ཁྲིད་སྟོན། ནག་གཤེད་དང་འབྲེལ་བའི་གཙོ་གནད་གྱོད་གཞི་སྒྲུབ་པར་སྐུལ་འདེད་གཏོང་བ། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཁྲོད་ཀྱི་ནག་གཤེད་ཕྱོགས་གཏོགས་ལ་ཆད་པ་ནན་པོ་གཅོད་པ། ཁྲོམ་རའི་འཁོར་རྒྱུག་ལ་དམིགས་ནས“ཁྲོམ་གཤེད”དང་། “གྲོང་གཤེད” “ཚལ་གཤེད”བཅས་ལ་རྡུང་རྡེག་གཏོང་བ། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པར་དམིགས་ནས་ཁྲིམས་དང་མ་མཐུན་པར་དངུལ་བུན་གཏོང་བ་དང་། གཡོ་ཐབས་ལ་བརྟེན་ནས་དངུལ་བུན་གཏོང་བ། ཆགས་སྲེད་ཀྱི་བསྙད་འདོགས་རྒྱུ་འཕྲོག་བྱེད་པ། འཇམ་པོའི་གཏུམ་སྤྱོད་ཀྱིས་བུན་དེད་བྱེད་པ་སོགས་ལ་རྡུང་རྡེག་བཏང་སྟེ་དྲ་སྦྲེལ་དང་། རྒྱན་འགྱེད། ཁ་བསླུས་བཅས་ནག་གཤེད་ཀྱི་ཉེས་གསོག་དང་མཉམ་འདྲེས་བྱེད་རིགས་གཏན་འགོག་བྱེད་དགོས་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་ཐད་ཤུགས་སྣོན་བརྒྱབ་སྟེ། ད་གཞི་ཐོ་འགོད་དང་མྱུལ་ཞིབ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། “ཚད་གཞི་དམའ་རུ་གཏོང་བའི”ཐག་གཅོད་བྱེད་ཚུལ་གཏན་འགོག་བྱེད་པ། ཉེས་དོན་འདྲི་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བའི་གྱོད་གཞི་རྙིང་པར་དཔྱད་ཞིབ་བསྐྱར་ཞིབ་དང་། ཉེས་ཐག་གཅོད་པ་དང་ཉེས་ཆད་ཚད་འབེབས་འཚམ་པོ་མིན་རིགས་ལ་དུས་ཐོག་ཏུ་འདྲི་གཅོད་ལྟ་སྐུལ་གྱི་གོ་རིམ་ལག་བསྟར་བྱེད་པ། ཉེས་དོན་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེས་ཆད་ལག་བསྟར་སྒྱུར་བཅོས་ཀྱི་ཚད་གཞིར་སྟངས་འཛིན་ནན་པོ་བཅས་བྱེད་པ་དང་འབྲེལ། སྤྱི་ཚོགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་། ཞིབ་དཔྱོད་ཀྱི་གྲོས་འགོ་བཟོས་ནས་འགྲེམས་པ་དང་། དག་ཐེར། ཚུར་ལན་བཅས་ཀྱི་ལམ་སྲོལ་བརྒྱུད་སྲིད་འཛིན་ལས་ཁུངས་ཀྱིས་དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་གཏན་འགོག་བྱས་ཏེ་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་ནག་གཤེད་ཕྱོགས་གཏོགས་ཐོན་པའི་ཁོར་ཡུག་མེད་པར་བཟོ་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། “ཞིབ་དཔྱོད་ཆེན་པོ་བཞིའི”མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏན་ཏིག་དང་རྒྱུན་རྣམ་ཕུགས་ཕན་ངང་སྤེལ་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།