རང་བྱུང་གནོད་འཚེར་འགོག་ཟོན་བྱེད། ས་མཐོའི་བདེ་འཇགས་ལེགས་པར་སྲུང་།

ཉེ་ཆར། ཐེན་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་བོད་ལྗོངས་ཡན་ལག་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སློབ་འབྲིང་དུ“རང་བྱུང་གནོད་འཚེར་འགོག་ཟོན་བྱེད། ས་མཐོའི་བདེ་འཇགས་ལེགས་པར་སྲུང”ཞེས་པའི་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། གཞོན་ནུ་ལོ་ཆུང་གི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད། འདི་ནི་ཐེན་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མིས་བེད་མེད་འགྱིག་དམ་དང་བྱེ་མ་སོགས་ཀྱིས་འདྲ་བཟོས་སྒྲིག་ཆས་བཟོས་ནས། ཕྲུ་གུ་ཚོར་ཆར་པ་ཆེན་པོ་འབབ་སྐབས་ཆུ་རུད་གནོད་འཚེ་ཐོན་པའི་བརྒྱུད་རིམ་སྟོན་བཞིན་པ།
འབྲེལ་ཡོད་གསར་འགྱུར།