དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་གསུམ་ལ་བརྟེན་ནས་ཀུན་ཕན་དངུལ་རྩའི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-19

    ད་ལོ་ཚུན་དུ། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་ལ་དམིཌ་ཏེ། ཡིད་རྟོན་དངུལ་བུན་གཏོང་རྒྱ་ཆེ་རུ་གཏོང་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་ཁ་གསལ་ཅན་ལ་སྐུལ་འདེད་གཏོང་བ། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་གཏིང་ཟབ་བྱེད་པ་བཅས་བྱེད་ཐབས་གསུམ་ལ་བརྟེན་ནས། ཀུན་ཕན་དངུལ་རྩའི་རྨང་གཞི་མུ་མཐུད་བརྟན་དུ་བཏང་བ་རེད། ཟླ་7པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཀུན་ཕན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་91.87ཟིན་ནས་དུས་མཚུངས་ལས་26.97%འཕར་ཡོད་པ་རེད།

    ཡིད་རྟོན་དངུལ་བུན་གཏོང་བའི་ཐད། ཡན་ལག་དངུལ་ཁང་དེས་དངུལ་ཁང་སྒྲིག་གཞིར་ས་གནས་དེ་གའི་ཀུན་ཕན་ཡིད་རྟོན་དངུལ་བུན་ཐོན་རྫས་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཀུན་ཕན་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་རྒྱུ་བརྟན་པོ་འཕར་བའི་འགན་ལེན་བྱས་ཤིང་། ཁེ་ལས་ཁག་གཅིག་གིས་བཏོན་པའི་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་ཁ་གསལ་མེད་པའི་གནད་དོན་ལ་དམིགས་ནས་ཡན་ལག་དངུལ་ཁང་དེས་ཁེ་ལས་ཀྱི་དངུལ་བུན་ཕྱོགས་བསྡུས་བསྡུ་སྒྲིལ་གྱི་མ་གནས་གསལ་སྟོན་ལས་དོན་སྤེལ་ནས་མ་དངུལ་བསྡུ་སྒྲིལ་བརྒྱུད་རིམ་ཁ་གསལ་ཡོང་བར་སྐུལ་འདེད་བཏང་སྟེ། དངུལ་ཁང་སྒྲིག་གཞིས་ལོ་འཁོར་གྱི་གྲོན་ཚད་རྣམ་པའི་ཐོག་ནས་མ་གནས་ཆ་ཚང་ཡོངས་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། ཟླ་7པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཚོད་ལྟའི་སྒྲིག་གཞི་4ཡིས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་199ལ་དངུལ་འབོར་སྒོར་དུང་ཕྱུར་35.55ཟིན་པའི་ཞབས་འདེགས་ཐེངས་202ཞུས་པ་དང་། ཁེ་ལས་36ལ་ཕྱོགས་གསུམ་པའི་འགྲོ་གྲོན་ཁག་གཅིག་སྤྲོད་རོགས་བྱས་ཏེ་ཁྲོམ་རའི་བྱེད་པོའི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་ཁུར་པོ་ཡང་དུ་བཏང་བ་རེད།

    དངུལ་ཁང་དང་ཁེ་ལས་ཀྱི་ཞབས་ཞུ་སྦྲེལ་མཐུད་ཐད། ད་ལོ་ཀུན་ཕན་དངུལ་རྩའི་བརྗོད་དོན་གཙོ་བོའི་སྦྲེལ་མཐུད་ཚོགས་འདུ་ཐེངས་9འཚོགས་པ་དེས་ཁེ་ལས་348ལ་ཕན་པ་ཐོབ་པ་དང་། ཁེ་ལས་160ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་6.37བཏང་བ། ཁེ་ལས་139ལ་དངུལ་བུན་སྒོར་དུང་ཕྱུར་5.80བཏང་ཡོད། དངུལ་རྩའི་ཞབས་ཞུའི་བློ་འདྲིའི་དཔུང་ཁག་དུས་གཅིག་ཏུ་གཤམ་སྐྱོད་བྱས་པས། ལོ་སྟོད་དུ་འབྲེལ་མཐུད་བྱེད་སའི་ཁེ་ལས་555མང་དུ་ཕྱིན་པ་དང་། ཡིད་རྟོན་དངུལ་བུན་བསྡོམས་སྒོར་དུང་ཕྱུར་7.33བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།