རང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་ཚད་ལེགས་སུ་བཏང་བ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་དེ་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མུ་མཐུད་མཉམ་འདྲེས་བྱས་ཏེ། གོ་ཆོད་ལག་རྩལ་ལ་བརྟེན་ནས་འདེབས་གསོའི་དཀའ་གནད་སེལ་བ་དང་། ཐོན་ལས་ཀྱི་ཞན་ཆ་སེལ་བ། སྲོལ་རྒྱུན་གྱི་ཞིང་འབྲོག་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོ་ནས་བཟུང་། རང་ལྗོངས་ཀྱིས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་སྡེ་ཚན་གྱི་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཚན་རྩལ་མཉམ་འདྲེས་གསར་གཏོད་ཀྱི་འཆར་གཞི་ལག་ལེན་བསྟར་བ་དང་།ཚན་ཞིབ་དང་ཐོན་ལས་སྦྲེལ་མཐུད་ལམ་སྲོལ་མཐུན་སྦྱོར་བྱས་ནས་ལག་རྩལ་ཞིང་ནང་དང་མུ་ཁར་སྤྱོད་པ་དང་ཁྲོམ་རའི་དགོས་མཁོ་སྐོང་བཞིན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་རྣམ་གྲངས་འདུན་ཞུ་དང་། གསོག་འཇོག དཔྱད་ཞིབ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལེགས་སུ་བཏང་ནས་སྤུས་ལེགས་ཚན་རྩལ་གསར་གཏོད་རྣམ་གྲངས་གནད་སྨིན་གདམ་གསེས་བྱས་ཏེ་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱས་ཡོད།
ད་ལོ་ཉིང་ཁྲི་ས་མཐོའི་ཀུ་ཤུའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ལྷོ་ཁའི་འབྲོག་ལས་སྐྱེ་དངོས་ཕྲ་ཕུང་བཀོལ་སྤྱོད་ཞིབ་འཇུག་གི་གཙོ་གནད་ཚན་རྩལ་གསར་གཏོད་རྣམ་གྲངས་གཉིས་དངོས་སུ་དོན་འཁྱོལ་བྱས་པ་རེད། རྣམ་གྲངས་ཀྱིས་ལྗོངས་ཕྱི་ནང་གི་ཚན་ཞིབ་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ཏེ་ཀུ་ཤུ་འདེབས་འཛུགས་ཀྱི་སྤུས་ཚད་ལེགས་གཏོང་དང་སོས་ཉར་དང་ས་མཐོའི་གསོ་སྤེལ་མ་གནས་ཆུང་དུ་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་འགག་རྩའི་གནད་དོན་ལ་དམིགས་ནས། ལོ་གསུམ་རིང་གཅིག་སྡུད་འགག་སྒྲོལ་བྱས་ཏེ་དཔེ་སྟོན་ཁྱབ་གདལ་དང་གྲུབ་འབྲས་གཞན་སྒྱུར་ལ་བརྟེན་ནས་ས་མཐོའི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་དང་འཚམ་པའི་ལག་རྩལ་གྱི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།