དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་གོ་ལ་ཧྲིལ་པོའི་ཉིང་རྡུལ་ནུས་པའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-18

    འདི་ནི་ཟླ་9ཚེས་14ཉིན་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་ནས་པར་བརྒྱབ་པའི“རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཆུང་གྲས་གསར་གཏོད་ལ་ཤུགས་བརྒྱབ་ནས། ཉིང་རྡུལ་མཛེས་མཐུན་གྱི་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་འཚོག་ཡུལ་ཡིན་པ།

    རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཚོགས་ཆེན་སྐབས་70པ་འཚོག་རིང་། ཚེས་14ཉིན། ཀྲུང་གོས“རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཆུང་གྲས་གསར་གཏོད་ལ་ཤུགས་བརྒྱབ་ནས། ཉིང་རྡུལ་མཛེས་མཐུན་གྱི་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་གཙོ་གཉེར་བྱས་ཤིང་། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་དཔེ་དབྱིབས་རང་བཞིན་ཆུང་གྲས་ཀྱི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས(རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཆུང་གྲས)ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ཏེ། ལག་རྩལ་གསར་གཏོད་དང་། ཚད་གཞི་མཐུན་སྦྱོར། ནུས་པ་འཛུགས་སྐྱོང་། དེ་བཞིན་འབྲེལ་ཡོད་ཁྱབ་གདལ་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།