དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨུ་རུ་སུར་ཐོངས་མཆན་འགོད་མི་དགོས་པར་ལོ་གཅིག་སོང་རིང་།

    ཧེ་ལུང་ཅང་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-18

    འདི་ནི་ཟླ་9ཚེས་15ཉིན་ཨུ་རུ་སུའི་ཡུལ་སྐོར་བས་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་གྲོང་ཁྱེར་གྱི་རྐང་ཐང་ཁྲོམ་གཞུང་དུ་ལྟ་སྐོར་བྱས་ནས་དྲན་རྟེན་པར་རྒྱག་བཞིན་པ།

    2025ལོའི་ཟླ་9ཚེས་15ཉིན་ཀྲུང་གོས་ཨུ་རུ་སུར་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་མི་སྣར་རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱས་ཚུན། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་དང་མི་ཆོས་རིག་གནས་སྤེལ་རེས་དེ་བས་འཁྲུག་ཏུ་ཕྱིན་ཡོད། ཧེ་ལུང་ཅང་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྲིད་ཇུས་ལག་བསྟར་བྱས་ནས་ལོ་གཅིག་སོང་རིང་། ཞིང་ཆེན་ཡོངས་ཀྱི་འགག་སྒོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་338.8ལ་ཞིབ་བཤེར་རྩིས་ལེན་བྱས་པ་དེ་དུས་མཚུངས་ལས་29.3%འཕར་ཡོད། དེའི་ནང་རྒྱལ་ཁོངས་ཨུ་རུ་སུ་ནས་ཡིན་པའི་རྒྱལ་མཚམས་འཛུལ་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་61.7ཙམ་ཟིན་པ་དེ་དུས་མཚུངས་ལས་76.9%འཕར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།