བོད་ལྗོངས་ཉིང་ཁྲིས་ཀོ་ཤ་གསོ་སྤེལ་བྱས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

འདི་ནི་ཉི་མ(དཀྱིལ)དང་བུ་ཚེ་རིང་ནོར་བུ(གཡོན་གྱི་གཉིས་པ) བུ་མོ་མཚོ་མོ(གཡས་ཀྱི་དང་པོ)བཅས་དང་ནང་མིས་མཉམ་དུ་ཐོན་འབབ་ལེགས་པའི་ཀོ་ཤ(དཔྱད་གཞིའི་པར་རིས)སྟོན་བཞིན་པ།

འདི་ནི་ཟླ་9ཚེས་14ཉིན། སློབ་ཆེན་ཐོན་པའི་ལས་མི་ཟླ་བ་ལྷ་མོས་ཞིང་རའི་ནང་དྲ་ཐོག་ནས་ཐད་གཏོང་བྱས་ཏེ་ཐོན་རྫས་འཚོང་བཞིན་པ།
2008ལོར་བོད་ལྗོངས་ཉིང་ཁྲི་སྨན་གླིང་རྫོང(ད་ཆ་སྨན་གླིང་གྲོང་ཁྱེར་ཡིན་པ)གིས་དབུལ་པོའི་དུད་ཚང་གི་ཉི་མར་ཡིག་ཚགས་དང་གཱ་བཟོས་ནས་དངུལ་བུན་སྒོར་ཁྲི་15གཡར་ཡོད། ཉི་མས་རི་སྐྱེས་ཀོ་ཤ་བཀོག་པ་ནས་འགོ་བཙུགས་ཏེ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་ལག་རྩལ་ཡང་ཡང་འཚོལ་ཞིབ་བྱས་པ་དང་། 2012ལོར་ཤ་མོའི་སོན་འདེབས་འཁོར་ཁང་དང་ནགས་ཁྲོད་ཀྱི་རི་སྐྱེས་འདྲ་བཟོའི་འདེབས་འཛུགས་རྟེན་གཞི་བསྐྲུན་པ་རེད།
ད་ཆ་ཞིང་རའི་ནགས་ཁྲོད་ཀོ་ཤའི་རི་སྐྱེས་འདྲ་བཟོའི་འདེབས་འཛུགས་རྟེན་གཞི་དང་དྲོད་ཁང་ལ་མུའུ་སྟོང་ལྷག་ཙམ་ཟིན་པ་དང་། 2025ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་920ཟིན་ཡོད། ལས་ཞུགས་ལས་གནས་བརྟན་པོ་35མཁོ་འདོན་བྱས་པ་དང་། ས་གནས་དེ་གའི་སློབ་ཆེན་སློབ་མ་4ལས་ཀར་བསྡུས་པ་མ་ཟད། ད་དུང་རིན་མེད་ངང་ཡུལ་མིར་ཤ་མོའི་སོན་མཁོ་འདོན་དང་ལག་རྩལ་མཛུབ་ཁྲིད་བྱས་ནས་བསྡུ་ཉོ་རིན་གོང་དམའ་ཤོས་ལས་མི་ཆག་པའི་འགན་ལེན་ལ་བརྟེན་ནས་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། 2019ལོ་ནས་ད་བར་བསྡུ་ཉོ་རིན་གོང་དམའ་ཤོས་ལས་མི་ཆག་པའི་འགན་ལེན་ལ་བརྟེན་ནས་ཞིང་དུད་ལ་འབབ་འཕར་སྒོར་ཁྲི་713བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།