དབྱར་འབྲུ་ཉོ་སྒྲུབ་མཇུག་འགྲིལ་ཉེར་ཡོད་པ།
རྒྱལ་ཁབ་འབྲུ་རིཌ་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་གསར་དུ་ཁྱབ་བསྒྲཌ་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གྲོ་ཏུན་དུང་ཕྱུར་1དང་སྔ་སྨིན་ཞན་ཏའོ་ཆུ་འབྲས་ཏུན་ཁྲི་1200ཉོ་སྒྲུབ་བྱས་པའི་མྱུར་ཚད་ལོ་གོང་མ་ལས་ཅུང་མགྱོགས་པ་ཡོད་ཅིང་། དབྱར་འབྲུ་ཉོ་སྒྲུབ་བྱེད་མང་བའི་དུས་ཚིགས་མཇུག་འགྲིལ་ཉེར་ཡོད་པ་དང་སྟོན་འབྲུ་ཉོ་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ཁག་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད།
དབྱར་འབྲུ་མང་པོ་ཉོ་སྒྲུབ་བྱེད་པའི་ལས་དོན་སྤེལ་ཚུན། ས་གནས་ཁག་གིས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་ཏན་བྱས་ཏེ་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་གསོག་ཉར་ཐད་སྤྱི་འདོམས་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་འབྲུ་རིགས་ཐོན་ཚོང་མཉམ་ལས་དང་ཞིང་ལས་དང་ཁེ་ལས་སྦྲེལ་མཐུད་བྱ་རྒྱུ་སྒྲིག་འཛུགས་བྱས་པས། ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་འཕེལ་བ་དང་། དབྱར་འབྲུ་ཉོ་སྒྲུབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བས་ཁྲོམ་ར་འཁོར་སྐྱོད་བརྟན་པོ་བྱུང་ཡོད་པ་རེད།
མིག་སྔར་སྟོན་འབྲུའི་ལོ་ཏོག་སྐྱེ་འཚར་ཡག་པོ་ཡོད་པ་དང་བྱང་ཤར་དང་ཧྭ་པེ་སོགས་ཐོན་ཁུལ་གཙོ་བོའི་མ་རྨོས་ལོ་ཏོག་འདེབས་ཁྱོན་ཆེ་རུ་ཕྱིན་ནས་ཐོན་འབབ་ཡག་པོ་ཡོད། མིག་སྔར་འབྲུ་མཛོད་ཀྱི་ཤོང་ཚད་དང་། ཉོ་སྒྲུབ་མ་དངུལ། མི་སྣ། ཡོ་བྱད་སོགས་གྲ་སྒྲིག་བྱས་ཟིན་པ་དང་སྔོན་དཔག་བྱས་ན་ད་ལོའི་སྟོན་འབྲུ་བསྡུ་མང་བའི་དུས་ཚིགས་སུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་3.5ཙམ་ཟིན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།