དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་2026ལོའི་རྒྱལ་ཡོངས་ཀྱི་མཛེས་མཐུན་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཆེ་མོའི(གྲོང་ཚོ་BA)དབུས་རྒྱུད་འགྲན་ཁུལ་གྱི་འགྲན་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-18

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་སྣེ་ཁྲིད་དེ་འདེམས་སྒྲུག་བྱས་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་རུ་ཁག་གཉིས་ཀྱིས་བོད་ཀྱི་ཚབ་བྱས་ནས་2026ལོའི་རྒྱལ་ཡོངས་ཀྱི་མཛེས་མཐུན་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཆེ་མོའི(གྲོང་ཚོའི་BA)དབུས་རྒྱུད་འགྲན་ཁུལ་གྱི་འགྲན་བསྡུར་ནང་ཞུགས་པ་རེད། འགྲན་བསྡུར་ནང་ཞུགས་རིང་རང་ལྗོངས་ཀྱི་རུ་མི་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་བོད་ཀྱི་མང་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་དང་། འབད་འབུངས་ཡར་བརྩོན། སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཤིང་། དཔུང་ཁག་གཉིས་ཀར“ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ”དང“ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ”གཉིས་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།