2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།
ཚེས་15ཉིན་གསར་འགོད་པར་2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་སྨྱན་སྦྱོར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དངོས་སུ་ལག་ལེན་བསྟར་རྗེས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཐོག་མ་དེ་ཟླ་9ཚེས་21ནས་27ཉིན་བར་སྤེལ་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་དྲིལ་བསྒྲགས་གཟའ་འཁོར་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བཏང་ནས་རླབས་ཆེན་བསྐྱར་དར་གྱི་རྒྱང་ལམ་དུ་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས“རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་མི་ཚང་མར་འགན་འཁྲི་ཡོད་པའི”ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་རྒྱུ་རེད།
དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། ཁྲིམས་འཛིན་པུའུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་ཟླ་9ཚེས་21ཉིན་པེ་ཅིང་དུ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་ཡོངས་བསྒྲགས་བྱེད་རྒྱུ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲོས་འགོ་འདོན་རྒྱུ་དང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞིའི་བྱེད་སྒོའི་སྤུས་རྟགས་ཁག་དང་པོ་བཏོན་པ། རྒྱལ་ཡོངས་ས་གནས་ཁག་གིས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། དཔེ་མཚོན་སྒྲོག་འགྲེལ། རིག་རྩལ་འགྲེམས་འཁྲབ། དངོས་རྫས་འགྲེམས་སྟོན། མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་གཅིག་སྡུད་དྲིལ་བསྒྲགས་བྱེད་རྒྱུ་རེད།
དྲིལ་བསྒྲགས་གཟའ་འཁོར་རིང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་སོགས་སྡེ་ཚན་དང་དེ་བཞིན་རྒྱལ་ཡོངས་ས་གནས་ཁག་གིས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཐད་བགྲོ་གླེང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཆེད་དོན་དཔེ་སྟོན་སྒྲོག་འགྲེལ། མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ། གཞོན་ནུ་ལོ་ཆུང་གི་དྲིལ་བསྒྲགས་སློབ་གསོ། གཅིག་སྡུད་བཅར་འདྲི་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།