དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་འགག་སྒོའི་བདེ་འཇགས་དོ་དམ་ཐད་ཚོགས་འདུ་འདི་འཚོགས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-17

    རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གཞུང་ཕྱོགས་སྤྱི་རྟགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་9ཚེས་15ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་འགག་སྒོའི་བདེ་འཇགས་ལ་གདུབ་ཟུམ་དོ་དམ་ཚོད་འཛིན་བྱས་ནས་འབྲེལ་ཡོད་སྡེ་ཚན་དབར་དང་ཆ་འཕྲིན་མཉམ་སྤྱོད་དང་། མཉམ་བཤེར་མཉམ་བཅོས། འཕྲལ་སྡོམ་ཐག་གཅོད་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིགས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། རིགས་ཁག་གི་གནོད་འཚེ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགག་སྒོའི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། 

    ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་བྱུང་བ་དང་མི་མང་པོ་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་པ་རེད།

    རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགག་སྒོའི་ལས་སྒྲུབ་ཀྱི་འཐབ་ས་དང་པོར་བརྟན་སྲུང་བྱེད་བཞིན་པའི་སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་དང་དེ་བཞིན་འགག་སྒོའི་འབྲེལ་ཡོད་ལས་དོན་པ་དང་ཀྲུང་ཕྱིའི་རྒྱལ་མཚམས་འཛུལ་གྲོལ་མི་སྣ་ཁག་གཅིག་དང་འབྲེལ་བ་ཆད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།