དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་དངུལ་རྩའི་བསླུ་འགོག་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-17

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མང་ཚོགས་ཀྱི་ཁ་བསླུས་འགོག་ཟོན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་ཁང་དང་ཉེན་རྟོག་པ་མཉམ་འགུལ་དང་། དྲ་ཚིགས་གཡུལ་སར་བྱེད་པ། ཉེན་ཁ་སྔོན་བརྡ་གཏོང་བ། གྲོང་ཚོར་བཅའ་སྡོད་བཅས་ཀྱི་བྱ་ཐབས་ཁག་བཞི་གསར་གཏོད་བྱས་ཏེ་རིམ་པ་མང་བ་དང་ཕྱོགས་ཡོངས་ལ་ཁྱབ་པའི་བསླུ་འགོག་དྲིལ་བསྒྲགས་མ་ལག་བཙུགས་ནས། དམངས་ཡོངས་ཀྱིས་བསླུ་འགོག་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་སྤྱི་བདེ་ཅུས་བསླུ་འགོག་ལྟེ་གནས་དང་མཉམ་དུ་གློག་འཕྲིན་དྲ་རྒྱའི་བསླུ་འགོག་ཆེད་དོན་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་དང་། སྤྱི་བདེའི་ཁྲིམས་སྒྱུར་དབང་གྲགས་དང་ཆེད་ལས་ཐོན་ཁུངས་ལ་བརྟེན་པ། “སྤྱི་བདེ་སྡེ་ཚན་དང་དངུལ་ཁང་སྒྲིག་གཞི་ཟུང་འབྲེལ”གྱི་མཐུན་སྦྱོར་དྲིལ་བསྒྲགས་ལམ་སྲོལ་བཙུགས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་ཀྱི་དྲིལ་བསྒྲགས་སྔོན་འགོག་མཉམ་ཤུགས་ཤིག་ཆགས་པར་བྱས་པ་རེད།

    ལོ་འགོར“ཁྲིམས་འགལ་བས་རིན་གོང་མཐོ་བའི་ཐ་མག་ཉོ་བ་དང་ཚོང་དུད་ཀྱི་POSའཕྲུལ་འཁོར་སྤྱད་དེ་བཙོག་དངུལ་གཙང་སྒྱུར་བྱེད་པ”སོགས་ཀྱི་རྣམ་པ་གསར་པའི་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་ཡང་ཡང་ཐོན་པར་དམིགས་ནས། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཚོང་དུད་ལ་དུས་ཐོག་ཏུ་ཉེན་ཁའི་དྲན་སྐུལ་བྱས་ཏེ་རྒྱུན་གཏན་མིན་པར་གྲངས་འབོར་ཆེན་པོ་ཉོ་བ་དང་། མི་གཞན་གྱི་གཱ་འཁྱེར་བ། གཏོང་སྤྲོད་རྩིས་ཐོའི་ཨང་གྲངས་ཡང་ཡང་བརྗེ་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ། ངེས་པར་དུ་ཐོབ་ཐང་ཞིབ་དཔྱད་བྱས་ཏེ་ཁྲིམས་འགལ་གྱི་མ་དངུལ་རྩིས་རྒྱག་པར་སྟབས་བདེ་བསྐྲུན་རྒྱུ་གཏན་འགོག་བྱས་ནས་དངུལ་ལེན་རྩ་གཉིས་ཨང་རྟགས་གློག་འཕྲིན་ཁ་བསླུས་ཀྱི་སྒྲིག་འགལ་ལ་ཞབས་འདེགས་ཞུ་བྱེད་དུ་འགྱུར་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་6པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱིས་རིམ་རྩིས་བརྒྱབ་ན་བསླུ་འགོག་གི“སྤེལ་དགོས་པ་དགུ”ཡི་དྲིལ་བསྒྲགས་བྱེད་སྒོ་ཐེངས་171སྤེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་2ལྷག་ཙམ་སྤྲད་པ་དང་། བསླུ་འགོག་དང་རྒྱན་འགྱེད་ལ་ངོ་རྒོལ་བྱེད་པའི་འཕྲིན་ཐུང་243བསྐུར་བ། ལས་སྒོའི་གསོ་སྦྱོང་ཐེངས་88བྱས་པ་དེ་མི་ཐེངས་1663ལ་ཁྱབ་པ། ལས་གཉེར་དྲ་ཚིགས་ནས་གློག་འཕྲིན་ཁ་བསླུས་ཐེངས་1བཀག་པར་དངུལ་འབོར་སྒོར་ཁྲི་5.7ཟིན་པ་བཅས་ལས་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་མང་དུ་འགྲོ་བའི་སྣང་ཚུལ་ནུས་ལྡན་ངང་བསལ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།