མཚོ་སྔོན་ཞིང་ཆེན་གྱིས་དཔྱ་ཁྲལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱས་ཏེ་ཐོན་ལས་རིམ་སྤོར་ལ་མཐུན་རྐྱེན་སྦྱར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཡག་པོ་འཛུགས་པའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ཆེན་ཁྲལ་དོན་ཅུས་ཆེད་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཉིས་གཅོག་ཐད་འབྱོར་མྱུར་སྤྱོད་དང་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་ཞིང་། ཁྲལ་འབབ་གྲངས་གཞི་ལས་མངོན་པར། ཐོན་ལས“ཁུལ་བཞི”དང་ལྗང་མདོག་རྩིས་ནུས་གཙོ་གནད་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་གྱི་ཕན་འབྲས་གང་ལེགས་མངོན་པ་དང་ཐོན་ལས་རིགས་ཁག་གི་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་རེད།
ཅཱ་ལུད་དང་ཐཱན་གྱུར་ལིས་ཀྱི་རིན་གོང་བསྐྱར་འཕར་ཁེ་ཡོད་ལ་བརྟེན་ནས། ཅཱ་ལུད་བཟོ་བ་དང་སྐྱེ་མེད་ཚྭ་བཟོའི་ལས་རིགས་ཀྱི་བཙོངས་འཛིན་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་71.3%དང་123.8%འཕར་བ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་ཐོན་སྐྱེད་སྒྲིག་ཆས་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ཉོ་སྒྲུབ་ཀྱི་གཞི་ཁྱོན་28.8%དང་10%སོ་སོར་འཕར་བ། ལིས་གྱེས་རྡུལ་གློག་རྫས་དང་གློག་རྡུལ་ལྷུ་ལག་སོགས་སྣུར་སྲིང་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་འཕར་ཚད་མཐོ་ཤོས་ལྡབ་4.6ཟིན་པ་དང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་སྒྲིག་ཆས་གསར་སྒྱུར་སོགས་ཁྲལ་གྲོན་གཟིགས་སྐྱོང་གིས་ཚྭ་མཚོའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
ལོ་སྟོད་དུ་རིམ་རྩིས་བརྒྱབ་ན། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་18.48བྱས་ཏེ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་རྩིས་ནུས་ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད། ཞིབ་འཇུག་གསར་སྤེལ་མ་དངུལ་གཏོང་བ་བཅས་ལ་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་པ་དང་སྦྲགས། ཕྱིར་གཏོང་ཐད་ཁྲལ(རྩ་ཆག)སྒོར་དུང་ཕྱུར་3.17བསློགས་ནས། ཁྱད་ལྡན་ཐོན་རྫས་ལ་ཞིང་ཆེན་ཕྱི་དང་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་རོགས་བྱས་པ་རེད།
ཁྲལ་འབབ་གྲངས་གཞིས་ཐོན་ལས“ཁུལ་བཞིའི”འཛུགས་སྐྲུན་ཕན་འབྲས་ལ་རྒྱུན་མཐུད་རྗེས་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་ཁྲལ་བསྡུའི་ཡོང་འབབ་བསྡུར་ཚད་10%ལྷག་ཙམ་བཟུང་བ་དང་། ནུས་གསར་གློག་གཏོང་དང་། ལིས་གློག་གི་རྒྱུ་ཆ་གསར་པ། སྐྱེ་ལྡན་ཞིང་འབྲོག་བཅས་ཀྱི་འབྲེལ་ཡོད་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་པས། སྐྱེ་ཁམས་རིན་ཐང་དཔལ་འབྱོར་ཁྲལ་ཁུངས་སུ་བརྟན་པོའི་ངང་འགྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།