པེ་ཅིང་དུ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་རྒྱལ་སྤྱིའི་རྡོ་སྣུམ་ལས་གྲྭའི་ལག་རྩལ་སྤེལ་རེས་ཚོགས་འདུ་སྐབས་དང་པོ་འགོ་ཚུགས་པ།

འདི་ནི་2026ལོའི་ཟླ་9ཚེས་15ཉིན། པེ་ཅིང་དུ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་རྒྱལ་སྤྱིའི་རྡོ་སྣུམ་ལས་གྲྭའི་ལག་རྩལ་སྤེལ་རེས་ཚོགས་འདུ་འཚོག་ཡུལ་གྱི་ཕྱི་ཕྱོགས་འཐུས་མིས་རྡོ་སྣུམ་ལས་གྲྭའི་སྒྲིག་ཆས་ལ་ལྟ་སྐོར་བྱེད་བཞིན་པ།
ཟླ་9ཚེས་15ཉིན། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་རྒྱལ་སྤྱིའི་རྡོ་སྣུམ་ལས་གྲྭའི་ལག་རྩལ་སྤེལ་རེས་ཚོགས་འདུ་སྐབས་དང་པོ་པེ་ཅིང་དུ་འགོ་ཚུགས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་20ཡི་སྐུ་མགྲོན་160ལྷག་ཙམ་པེ་ཅིང་དུ་མཉམ་འཛོམས་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ཏེ། སྐམ་སའི་གཡམ་སྣུམ་རྩད་ཞིབ་གསར་སྤེལ་སོགས་ཐད་ཁྱད་ལྡན་ལག་རྩལ་ཁག་གཅིག་གྲུབ་པ་དང་། འཛམ་གླིང་རིམ་པའི་ས་གཤིས་དཀའ་གནད་མང་པོ་བསལ་བ། སྣུམ་རླངས་རྩད་ཞིབ་གསར་སྤེལ་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཚུད་པའི་ཁྱད་ལྡན་ལག་རྩལ་མ་ལག་གྲུབ་ནས། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་134ཡི་སྐུ་མགྲོན་ལ་གཅིག་འཐུས་རྣམ་པའི་ལས་གྲྭའི་ལག་རྩལ་གྱི་ཞབས་འདེགས་ཞུས་པ་དང་། འཛམ་གླིང་གི་རྩེར་སོན་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་སི་དང་རྒྱལ་སྤྱིའི་ནུས་རྒྱུ་ཁེ་ལས་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་པོ་ཞིག་བཙུགས་པས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།