དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་ལེ་ཧྲན་དུ“བདེ་སྐྱིད་ལྷུག་གླེང”བྱེད་སྒོ་སྤེལ་ནས་ཏང་དང་མང་ཚོགས་ཀྱི་སྦྲེལ་ཟམ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-17


    འདི་ནི་འོས་འགན་ཉེན་རྟོག་མཐུན་ཚོགས་ཀྱི་དང་བླངས་པ་དང་གྲོང་མིས་ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་རེ་འདུན་ཉན་ནས་ཡུལ་དངོས་སུ་གཞི་རིམ་གྱི་འགལ་ཟླ་སེལ་བཞིན་པ།

    ཉེ་ཆར། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཧྲི་ཀྲུང་ཆུས་ཧའེ་ཐང་ཁྲོམ་གཞུང་གི་ཤན་ཅེ་སྡེ་ཁུལ་དུ“བདེ་སྐྱིད་ལྷུག་གླེང”གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ཁྲོམ་གཞུང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཨུ་ལྷན་དང་། སྡེ་ཁུལ་གྱི“ཨུ་ལྷན་གཉིས” ཏང་ཡོན་དང་དེ་བཞིན་ལིང་ཡུན་འོས་འགན་ཉེན་རྟོག་མཐུན་ཚོགས་བཅས་ཀྱི་དང་བླངས་པ་དང་གྲོང་མིའི་འཐུས་མི་སོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཁུལ་ཆུང་རྙིང་པའི་སྒྱུར་བཀོད་ཕན་འབྲས་དང་། དམངས་ཕན་ཁ་གསབ། སྡེ་ཁུལ་གྱི“མ་རྩ་གསུམ”གྱི་གསལ་ཐོ་བཅས་ཁྱབ་བསྒྲགས་བྱས་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་རེ་འདུན་ཉན་པ། ས་ཆ་དེ་རང་དུ་གཞི་རིམ་གྱི་འགལ་ཟླ་སེལ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།