མེ་ཟོན་སྲུང་བཅད་བསྐྲུན། སྔོ་ལྗང་རི་ཀླུང་བསྲུངས།

འདི་ནི་ཉེ་ཆར་མེ་ཏོག་གི་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་འབྲིང་གི་རུ་མིས་གྲོང་ཚོའི་ཕྲུ་གུ་ཚོར་ཕྱི་རོལ་དུ་གང་བྱུང་དུ་མེ་མི་གཏོང་བ་དང་། མེ་སྐྱོན་ཉེན་བརྡ་གཏོང་བའི་བརྒྱུད་རིམ། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་ཉེན་གཡོལ་གྱི་ཤེས་བྱ་བཅས་འགྲེལ་བཤད་རྒྱག་བཞིན་པ།
མེ་ཏོག་གི་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་འབྲིང་བཅའ་སྡོད་བྱས་ཚུན། རུ་མི་ཚོས་སྒྲིག་ཆས་འཁྱེར་ཏེ་རྒྱུན་གཏན་གྱི་སྐོར་སྲུང་བྱེད་པ་དང་། རྐང་ཐང་མར་གདོད་མའི་ནགས་ཚལ་སྟུག་པོ་དང་གཡང་གཟར་གྱི་གྲོག་རོང་བརྒལ་བ། ནགས་ཁྲོད་དུ་ཟགས་པའི་ཤིང་ཧྲུག་སྒྲུག་པ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས“མ་བྱུང་སྔོན་འགོག”ནན་པོ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།