དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི“ལྷོ་ཁའི་ཤེས་ལྡན་པའི་ཟླ་བའི”བྱེད་སྒོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-17

    ཉིན་ཤས་བསྟུད་མར། 2026ལོའི“ལྷོ་ཁའི་ཤེས་ལྡན་པའི་ཟླ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཞིང་། བྱེད་སྒོ་དེས“ལྷོ་ཁའི་ཤེས་ལྡན་པར་གཅེས་འཛིན་དང་རིག་ནུས་ལ་བརྟེན་ནས་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་ནང་ཤེས་ལྡན་པའི་ཞབས་ཞུའི་མནའ་འབྲེལ་ཁྱབ་བསྒྲགས་དང་། རིགས་གཅིག་མཁས་ཅན་གྱི་དགོངས་དོན་མཉམ་སྤྱོད། མཉམ་ལས་རྣམ་གྲངས་གན་འཇོག་སོགས་ནང་དོན་13ཚུད་ཡོད་པ་རེད།

    འགོ་ཚུགས་མཛད་སྒོར། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་སྔོན་ལ་བཙུགས་པའི་ཤེས་ལྡན་པའི་ཞབས་ཞུའི་མནའ་འབྲེལ་ཐོག་མ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། ཁག་དང་པོའི་ཁོངས་མིའི་ཚོང་དུད་29དག་ཚོང་ར་དང་། སྒོ་རྩིས་ཚོང་ཁང་། གསོལ་མགྲོན་ཁང་། སྨན་བཅོས། བཟའ་བཏུང་སོགས་ལས་རིགས་སུ་ཁྱབ་པ་དང་། ཞབས་ཞུའི་རྣམ་གྲངས་དེ་སྲིད་ཇུས་དོན་འཁྱོལ་ནས་ཟས་གོས་འགྲོ་སྡོད་བར་སྣུར་སྲིང་བྱས་པ་རེད། ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་22དང་ཤེས་ལྡན་པའི་མཉམ་ལས་གྲོས་མཐུན་ཁག་24བཞག་པ་དང་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་དོན་ཚན་69བཞག་ཡོད། ཁག་དང་པོའི་གདན་ཞུས་ཤེས་ལྡན་པར་ཁང་པ་ཉོ་བའི་ཁ་གསབ་སྤྲད་པ་དང་། ཁག་གཉིས་པའི“སྣེ་འདྲེན་ཤེས་ལྡན་པ”9ལ་ལག་ཁྱེར་སྤྲད་པ། ཁག་དང་པོའི“སྣེ་འདྲེན་ཤེས་ལྡན་པའི”ལས་དོན་ཁང་5ལ་མིང་བཏགས་པ་བཅས་ལ་མ་དངུལ་སྒོར་ཁྲི་110ལྷག་ཙམ་བཏང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།