དམངས་སྲིད་འཚམས་འདྲིས་དམངས་ལ་དྲོ་སྐྱིད་སྦྱིན་པ།

འདི་ནི་ལས་དོན་པས་རྒན་རྒོན་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་གུང་དཀར་གྲོང་རྡལ་དང་། རྒྱ་མ་གྲོང་རྡལ། ཐང་སྐྱ་ཤང་བཅས་ཀྱི་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་སྒྲིག་འཛུགས་བྱས་ཏེ“དམངས་སྲིད་དམངས་ཀྱི་ཆེད་དུ་གཉེར། དམངས་སྲིད་དམངས་ལ་ལྷག་པར་གཅེས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དུད་ཚང་དུ་བསྐྱོད་ནས་རྒན་རྒོན་ལ་འཚམས་འདྲི་ཞུ་བའི་སེམས་དྲོས་བྱེད་སྒོ་སྤེལ་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་གྱི་ཚེ་མཇུག་འཚོ་བའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།