དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐེན་ཅིན་དང་། བོད་ལྗོངས། ཤིན་ཅང་། མཚོ་སྔོན། ཀན་སུའུ་བཅས་ཀྱི་སྲོལ་རྒྱུན་གསོ་རིག་དང་བདེ་ཐང་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-17

    ཉེ་ཆར། ཆབ་མདོར“ཇ་རྟའི་གསོ་རིག ཁམས་པའི་ཉམས་འགྱུར”བརྗོད་དོན་གཙོ་བོར་བྱས་པའི་ཐེན་ཅིན་དང་། བོད་ལྗོངས། ཤིན་ཅང་། མཚོ་སྔོན། ཀན་སུའུ་བཅས་ཀྱི་སྲོལ་རྒྱུན་གསོ་རིག་དང་བདེ་ཐང་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པ་རེད།

    འགོ་ཚུགས་མཛད་སྒོར“ཐེན་ཅིན་དང་། བོད་ལྗོངས། ཤིན་ཅང་། མཚོ་སྔོན། ཀན་སུའུ”བཅས་ཀྱི་ས་མཐོའི་ནད་གཞི་ཞིབ་འཇུག་གི་འཐབ་ཇུས་མཉམ་ལས་མནའ་འབྲེལ་ལ་དངོས་སུ་མིང་རྟགས་བཀོད་པ་དང་། “ཐེན་ཅིན་དང་ཆབ་མདོ་སེམས་པ་མཐུན”གྱི་གྲངས་འཛིན་སྨན་བཅོས་མནའ་འབྲེལ་དུས་གཅིག་ཏུ་འགོ་ཚུགས་པ་རེད། མཉམ་ལས་ལས་སྟེགས་ཆེན་པོ་གཉིས་བཙུགས་པ་དེ་ཐོག་ནས་ཞིང་ཆེན(གྲོང་ཁྱེར་དང་ལྗོངས)ལྔ་ཡིས་ས་མཐོའི་ནད་གཞི་མཉམ་རོགས་ཚན་ཞིབ་འགག་སྒྲོལ་ལས་སྟེགས་དང་གྲངས་འཛིན་སྨན་བཅོས་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྟེན་བསྐྲུན་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ས་ཁོངས་ཀྱི་བཀག་རྒྱ་ལས་བསྒྲལ་བ་དང་ས་ཁོངས་ལས་བརྒལ་ཏེ་སྐོར་སྐྱོད་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ་ས་མཐོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ་མཚོན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།