རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པ་ལྟད་མོ་ཆེ་བ།

2026ལོའི་ཟླ་8ཚེས་18ཉིན་ནས་ཟླ་9ཚེས་23ཉིན་བར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོག་བཞིན་ཡོད་ཅིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན། དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱི་འཁྲབ་གཞུང་རྩེ་གྲ་48སྔ་རྗེས་སུ་འཁྲབ་སྟོན་བྱས་དང་བྱེད་བཞིན་ཡོད། འདི་ནི་2026ལོའི་ཟླ་9ཚེས་1ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པའི་བོད་ཀྱི་ཟློས་གར་འཁྲབ་ཚན《གནམ་མཐའི་སྐལ་བཟང་མེ་ཏོག》ཅེས་པ་པེ་ཅིང་གི་གཉིས་བདུན་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།