ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན“ཀྲང་ཀྲོའུ་110”གྱི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།
དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་བློ་རྩ་བརྟན་པོས་འགན་འཁུར་ཕོད་པ་དང་ལེགས་སྐྱེས་ཕུལ་ཏེ་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་བྱེད་དགོས།
འཕྲིན་ལན།
ཧྥུའུ་ཅན་ཞིང་ཆེན“ཀྲང་ཀྲོའུ་110”གྱི་རུ་མི་ཡོངས་ལ།
འཕྲིན་ཡིག་འབྱོར་བྱུང་། “ཀྲང་ཀྲོའུ་110”ནི་སྤྱི་བདེ་ཁོངས་གཏོགས་ཀྱི་སྙན་གྲགས་ཆེ་བའི་མིང་བྱང་ཞིག་ཡིན་པས། ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཁྱེད་ཚོས་ཉེན་རྟོག་ལས་དོན་གྱི་འཐབ་ས་དང་པོར་རྩ་བ་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་སྲུང་བདེ་འཁོད་སོགས་ཀྱི་ཐད་དཀའ་སྤྱད་འབད་བརྩོན་བྱས་པར་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པས་ང་རང་ཧ་ཅང་དགའ་པོ་བྱུང་།
མི་སེར་གྱི་བདེ་སྐྱིད་དང་དེ་བཞིན་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་དུས་བདེ་སྲུང་སྐྱོང་བྱེད་པར་མི་དམངས་སྤྱི་བདེས་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཡོད། རེ་བར་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། བློ་རྩ་བརྟན་པོས་འགན་འཁུར་ཕོད་པ་དང་ལེགས་སྐྱེས་ཕུལ་ཏེ། སེམས་ནུས་ཡོད་རྒུས་མང་ཚོཌ་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ། འབད་བརྩོན་ཧུར་ཐག་གིས་དུད་ཚང་ཁྲི་སྟོང་མང་པོ་སྲུང་སྐྱོང་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱེད་དགོས།
ཞི་ཅིན་ཕིང་།
2026ལོའི་ཟླ་9ཚེས་14ཉིན།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན“ཀྲང་ཀྲོའུ་110”གྱི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ་ཐུགས་རེ་ཟབ་མོའང་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། “ཀྲང་ཀྲོའུ་110”ནི་སྤྱི་བདེ་ཁོངས་གཏོགས་ཀྱི་སྙན་གྲགས་ཆེ་བའི་མིང་བྱང་ཞིག་ཡིན་པས། རང་ཉིད་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཁྱེད་ཚོས་ཉེན་རྟོག་ལས་དོན་གྱི་འཐབ་ས་དང་པོར་རྩ་བ་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་སྲུང་བདེ་འཁོད་སོགས་ཀྱི་ཐད་དཀའ་སྤྱད་འབད་བརྩོན་བྱས་པར་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པས། ང་རང་ཧ་ཅང་དགའ་པོ་བྱུང་ཞེས་འཁོད་ཡོད།
ཞི་ཅིན་ཕིང་གིས། མི་སེར་གྱི་བདེ་སྐྱིད་དང་དེ་བཞིན་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་དུས་བདེ་སྲུང་སྐྱོང་བྱེད་པར་མི་དམངས་སྤྱི་བདེས་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཡོད། རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། བློ་རྩ་བརྟན་པོས་འགན་འཁུར་ཕོད་པ་དང་ལེགས་སྐྱེས་ཕུལ་ཏེ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ། འབད་བརྩོན་ཧུར་ཐག་གིས་དུད་ཚང་ཁྲི་སྟོང་མང་པོ་སྲུང་སྐྱོང་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱེད་དགོས་ཞེས་གསུངས་པ་རེད།
“ཀྲང་ཀྲོའུ་110”གྱི་ད་ཆའི་མིང་ལ“ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྲང་ཀྲོའུ་110ཉིང་ལག་རུ་ཁག”ཟེར་བ་དང་། 1990ལོ་ནས་བཟུང་110ཉེན་བརྡ་གཏོང་བའི་ཞབས་ཞུ་མགྱོགས་མྱུར་དང་ལེན་བྱེད་པའི་ལམ་སྲོལ་བཟོས་པ་དང་འབྲེལ་རྒྱུན་མཐུད་ལེགས་སུ་བཏང་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། བདེ་འཇགས་སྲུང་སྐྱོང་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཞིང་། དེ་ནི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཕུལ་བྱུང་གཞི་རིམ་ཚན་པའི་འཐུས་ཚབ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་རིང་ཉེན་རྟོག་རུ་ཁག་ལ་རྟོག་ཞིབ་ཐེངས་གསུམ་གནང་ནས། “ཀྲང་ཀྲོའུ་110”འཛུགས་སྐྱོང་དང་འཕེལ་རྒྱས་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཡོད། ཉེ་ཆར། “ཀྲང་ཀྲོའུ་110”རུ་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་སྤྲིངས་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དམངས་ལ་ཞབས་འདེགས་ཞུས་པའི་གནས་ཚུལ་སྙན་སེང་ཞུས་ཏེ། རྒྱང་ལམ་གསར་པར་འགན་འཁྲི་ནན་སྒྲུབ་དང་དེ་བཞིན་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་ཆོད་སེམས་མཚོན་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།