དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་འདྲེ་ཚེར་མ་སོས་པ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-16

    ད་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འདྲེ་ཚེར་མ་སོས་པའི་ཐོན་ལས་ཀྱི་འགྲན་ལམ་གསར་པ་གཞི་རྩར་བཟུང་ནས་འདྲེ་ཚེར་མ་སོས་པ་ཏུན་ཁྲི་1ཕྱིར་ཚོང་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། འཐུ་བསྡུར་བཀོད་གཏོང་དང་། ལས་མིའི་འགན་སྲུང་། སྤུས་ཚད་ལྟ་འདོམས། གྲང་ཕྲེང་ཟོག་འགྲུལ། ཁྲོམ་ར་རྒྱ་སྐྱེད་བཅས་ལ་ཤུགས་བརྒྱབ་ནས་ཐོན་ལས་འཕེལ་རྒྱས་ལ་སྣ་འདུས་ཐབས་བཟང་སྤྱད་པ་རེད། མིག་སྔའི་བར་མཚོ་ནུབ་ཀྲོའུ་ཡི་འདྲེ་ཚེར་མ་སོས་པ་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི་1.02ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་6.54ཟིན་ནས་སྤུས་ཚད་མཐོ་ལ་ཕན་ཆེའི་སྒོ་ནས་ཞིང་ཆེན་ནས་གཏན་འཁེལ་བྱས་པའི་ཏུན་ཁྲི་ཕྱིར་ཚོང་གི་ལས་འགན་ལེགས་གྲུབ་བྱུང་ཡོད། ན་ནིང་གི་ཕྱིར་ཚོང་བྱེད་ཚད་ཏུན་1100ལྷག་ཙམ་དང་བསྡུར་ན་རིམ་པ་མང་པོ་འཕར་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་འདྲེ་ཚེར་མ་སོས་པ་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི་1.1ལས་བརྒལ་རེ་ཡོད་པ་རེད།

    ཁྲོམ་རའི་འཛད་སྤྱོད་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་ཆེད། མཚོ་ནུབ་ཀྲོའུ་ཡིས་ཐོན་ཚོང་གནད་སྨིན་སྦྲེལ་མཐུད་དང་ཐབས་ལམ་ས་ཁོངས་ཧྲིལ་པོར་རྒྱ་སྐྱེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་དང་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འགུལ་གཏིང་ཟབ་བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་གཉེར་ཚོང་མ་ལག་གསར་གཏོད་དང་འཛུགས་སྐྱོང་བྱས་ཡོད།

    མིག་སྔར་ཚྭ་འདམ་གཤོངས་སའི་འདྲེ་ཚེར་མ་སོས་པ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཡུན་ནན། ཀྲེ་ཅང་སོགས་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཕྱིར་ཚོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།