དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་འཐུས་མི་ཚོགས་པས་དབྱིན་ཇི་དང་ནོར་ཝེ་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-09-16

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་7ནས་11ཉིན་བར་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་གདན་ཞུས་ལྟར་ཚོགས་པའི་སྣེ་ཁྲིད་དེ་དབྱིན་ཇི་དང་ནོར་ཝེ་ལ་འཚམས་འདྲིར་བསྐྱོད་པ་རེད།

    དབྱིན་ཇིར་འཚམས་འདྲི་བྱེད་རིང་། ཀྲུང་དབྱིན་དམངས་ཁྲོད་མཛའ་གྲོགས་བགྲོ་གླེང་ཚོགས་འདུ་དང་ཀྲུང་དབྱིན་ས་གནས་མཉམ་ལས་གྲལ་སྒོར་ཚོགས་འདུར་ཞུགས་ཏེ། སུའུ་ཀེ་ལན་གྱི་ཕྱི་དོན་དང་ནུས་རྒྱུ་པུའི་པུའུ་ཀྲང་ཀེ་ཤིན་སི་དང་། ཨའེ་ཏིང་པའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཨོར་ཏེ་ལི་ཆི། མན་ཁྲེ་སི་ཐེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་ལི། སོར་ཧྥུའུ་ཏེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཏན་ཉི་ཐེ་བཅས་དང་ཐུག་འཕྲད་བྱས་པ་དང་དབྱིན་ཀྲུང་མཐུན་ཚོགས་དང་། དབྱིན་ཀྲུང་ཚོང་དོན་མཐུན་ཚོགས། དབྱིན་ཀྲུང་ཤེས་རྟོགས་མཐུན་ཚོགས། དབྱིན་ཇིའི་ཀྲུང་གོའི་ལས་དོན་རྒྱལ་ཡོངས་ཨུ་ལྷན། སུའུ་ཀེ་ལན་ཀྲུང་གོའི་མཐུན་ཚོགས། ཀེ་ལ་སི་ཀོ་ཚོང་ཚོགས། ཨའེ་ཏིང་པའོ་སློབ་ཆེན། ལོན་ཏོན་རྒྱལ་པོ་སློབ་གླིང་སོགས་སྒྲིག་གཞིའི་འགན་འཁུར་བ་དང་ལས་ཀའི་སྤེལ་རེས་བྱས་པ་རེད།

    ནོར་ཝེ་ལ་འཚམས་འདྲི་བྱེད་རིང་ཀྲུང་ནོར་དམངས་ཁྲོད་མཛའ་གྲོགས་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། ནོར་ཝེ་ཕྱི་འབྲེལ་པུའུ་ས་ཁུལ་ལས་དོན་སིའི་སྤྱི་ཁྱབ་སི་ཀྲང་པའེ་སི་ན་དང་ནོར་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧུའུ་སའེ་མོ་ཨེན་སོགས་དང་ཐུག་འཕྲད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།