དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལུའོ་དབྱང་དུ་རྒྱལ་ཐོན་གཏེར་ལས་སྒྲིག་ཆས་རྩེར་སོན་ཕྱིར་གཏོང་བྱེད་པར་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-16

    2026ལོའི་ཟླ་9ཚེས་14ཉིན་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་གནས་པའི་ཀྲུང་ཤིན་ལྕི་བའི་བཟོ་ལས་ཀྱི་སྒྲིག་སྦྱོར་འཁོར་ཁང་ཨ་མར་ཁེ་ལས་དེས་རང་བརྟེན་ཞིབ་བཟོ་བྱས་ནས་ཕྱིར་གཏོང་བྱས་པའི་ཚངས་ཐིག་སྨི་8ལས་བརྒལ་བའི་གཏེར་ལས་ཁྱབ་ཁོངས་ཀྱི་གཏེར་རྡོ་འཐག་ཆས་ཆེ་གྲས་ཚོད་ལྟའི་ཐོན་སྐྱེད་བྱེད་བཞིན་ཡོད། གཏེར་རྡོ་འཐག་ཆས་ཆེ་གྲས་དེར་རང་བརྟེན་གསར་གཏོད་ཀྱི་ལག་རྩལ་མང་པོ་འདུས་ཡོད་པས་ནུས་ཤུགས་ཆེ་བ་དང་། ནུས་རྒྱུ་ཟད་གྲོན་ཆུང་བ། འཁོར་སྐྱོད་བརྟན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། ཕྱི་རྒྱལ་གྱི་གཏེར་ལས་རྣམ་གྲངས་ཆེ་གྲས་སུ་ཕྱིར་གཏོང་བྱས་ནས་ས་གནས་དེ་གའི་ལྗང་མདོག་ནུས་ཆེའི་གསར་སྤེལ་ལ་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།