ཐོན་རྟག་པའི་གྲངས་གཞི་ལས་མངོན་པར།
ཟླ་8པར་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཁོངས་གཏོགས་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་8པར། འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། དྲ་ཕྱིའི་འཛད་སྤྱོད་ཀྱི་གྲངས་གཞི་ཆེན་པོ་ལས་མངོན་པར། ཟླ་8པར་རིགས་ཁག་གི་འཛད་སྤྱོད་གཏོང་སྤྲོད་ཀྱི་དངུལ་འབོར་དུས་མཚུངས་ལས་2.6%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4འཕར་ནས་ཟླ་2བསྟུད་མར་འཕར་ཡོད། ཚོང་དུད་འབྲིང་ཆུང་གི་གསོན་ཤུགས་མཚོན་པའི“དངུལ་ལེན་ཞིག”ཅེས་པའི་དངོས་ཚན་ཚོང་ལས་ཀྱི་གསོན་ཤུགས་སྟོན་གྲངས་83.3ཟིན་པ་དེ་ཟླ་གོང་མ་ལས་1.7%འཕར་བའི་ནང་ངལ་གསོའི་རིང་གི་འཛད་སྤྱོད་མང་བའི་སྟོན་གྲངས་ཟླ་གོང་མ་ལས་2.9%འཕར་ཡོད།
མ་འཇོག་ཐད། འཕེལ་ཕྱོགས་གསར་པའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཚད་མང་དུ་འགྲོ་བཞིན་ཡོད་ཅིང་། ཟླ་8པར་རྩིས་ནུས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་འོས་ཐོབ་དངུལ་འབོར་དུས་མཚུངས་ལས་བཅུ་ཆ་བརྒྱད་ཙམ་འཕར་ཡོད། མ་རྩའི་མ་འཇོག་གྲངས་གཞི་ལས་མངོན་པར།
ཟླ་8པར་མི་ཐབས་རིག་ནུས་དང་མི་གཟུགས་འཕྲུལ་མི་སོགས་ཁྱབ་ཁོངས་གསར་ཤོས་སུ་མ་དངུལ་བཏང་བའི་དངུལ་འབོར་དུས་མཚུངས་ལས་101.6%འཕར་ཡོད།
ཕྱི་ཕྱོགས་ཉོ་ཚོང་ཐད་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་ཐོན་ཞིང་། ཟླ་8པར་གྲུ་ཁ་གཙོ་བོའི་ཟོག་འདྲེན་གྲུ་གཟིངས་ནས་དབོར་བའི་དངོས་ཟོག་ཡོངས་ཀྱི་ལྗིད་ཚད་དུས་མཚུངས་ལས་16.5%འཕར་བའི་ནང་དོས་སྒམ་གྲུ་གཟིངས་དུས་མཚུངས་ལས་23.4%འཕར་བ་དང་། འཁོར་འཇུག་གྲུ་གཟིངས་དུས་མཚུངས་ལས་141.0%འཕར་ནས་རླངས་འཁོར་ཕྱིར་གཏོང་གི་འཕེལ་ཚུལ་བཟང་པོ་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཡོད།
ཐོན་ལས་ཐད་ས་ཁོངས་ཁག་དང་ས་ཚིགས་མང་པོས་མཉམ་དུ་འདེགས་སྐྱོར་དང་སྐས་རིམ་བཞིན་འཕེལ་རྒྱས་འགྲོ་ཞིང་། ཟླ་8པར་ཀྲེ་ཅང་དང་། ཀོང་ཏུང་། ཅང་སུའུ། ཧྥུའུ་ཅན་སོགས་དཔལ་འབྱོར་ཞིང་ཆེན་ཆེན་པོའི་བཟོ་ལས་གླིང་ཁུལ་གྱི་ཐོན་སྐྱེད་ཚ་རླབས་ཀྱི་སྟོན་གྲངས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཡུན་ནན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཀོང་ཤིས་སོགས་ཞིང་ཆེན་དུ་དུས་མཚུངས་ལས་7.2%དང་། 5.1% 4.6% 4.4%བཅས་སོ་སོར་འཕར་ནས་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།