དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལས་སྒོའི་དཔྱད་རྩོམ་ས་གཞི་ཆེ་མོར་འབྲི་དགོས།

    —— 2026ལོའི“དགེ་རྒན་ཡག་ཤོས”ཀྲང་ཧྥུའུ་སུའོ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-16

    འདི་ནི་ཀྲང་ཧྥུའུ་སུའོ(དཀྱིལ)ཡིས་ཡུན་ནན་ཏ་ལི་གྲོང་ཁྱེར་ཀུའུ་ཧྲེང་གྲོང་ཚོར་ཆུ་འབྲས་ཀྱི་མ་དཔེར་ལྟ་བཞིན་པ།

    རྩྭ་ཞྭ་གྱོན་ཞིང་དོར་གཤམ་འདམ་གྱིས་སྦགས་པ་དང་ཤ་རྩི་ནག་ཙམ་ཡོད་རུང་ངོ་གདོང་ལས་བབ་ཆགས་པའི་འཛུམ་མདངས་འཕྱུར་བ་ནི། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཧྥུའུ་སུའོ་ཡི་ཆ་ལུགས་རེད།

    དཔེ་ཁྲིད་མི་སྐྱོང་གི་ལས་ལ་གཞོལ་ནས་ལོ་40ལྷག་ཙམ་སོང་རིང་། ཁོང་གིས་སྲོལ་བཏོད་པའི“ཚན་རྩལ་སྒོ་ར་ཆུང་ཆུང”གི་མི་སྣ་གསོ་སྐྱོང་བྱེད་སྟངས་ཀྱིས་ཞིབ་འཇུག་སློབ་མ་མང་པོ་ཞིག་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་མངགས་ཡོད། ཁོང་གིས“ངའི་བདེ་སྐྱིད་དང་དོན་གཉེར་ཆེ་ཤོས་ནི་དགེ་རྒན་བཟང་པོ་ཞིག་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་དང་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ལ། སྐྱིད་ཤོས་དེ་ཡང་ཡིན”ཞེས་བརྗོད།

    2009ལོའི་དཔྱིད་ཀར། ཧོ་པེ་ཞིང་ཆེན་ཆུས་ཀྲོའུ་རྫོང་གི་གྲོའི་ལྗང་པ་སྔོ་ལོག་རྒྱག་འགོ་ཚུགས་ཤིང་། ཀྲང་ཧྥུའུ་སུའོ་ཡིས་ཚོགས་པ་ཁྲིད་དེ་ཞིང་ཁར་ཚོད་ལྟ་བྱེད་པར་བསྐྱོད། ཁོང་ཚོའི་འགྲམ་དུ་ཡོད་པའི་ཞིང་ནང་དུ་ཞིང་པ་ཞིག་གིས་རྫས་ལུད་སྦར་མོ་གང་བླངས་ནས་ལྕེ་ཡིས་མྱོང་ཙམ་བྱས་ཏེ“རྫས་ལུད་འདི་ངོ་མ་ཡིན་ནམ”ཞེས་ཆིག་ལབ་བརྒྱབ།

    སྐབས་དེ་དུས། ཀྲང་ཧྥུའུ་སུའོ་ཡུད་ཙམ་ཧོན་ཐོར་ཞིང་། དེ་ནས་སྤྱི་ལེ་བརྒྱ་གྲངས་ཀྱིས་ཆོད་པའི་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་ཚོད་ལྟ་ཁང་དུ་སློབ་མ་ཚོས་ས་རྒྱུ་གཤིན་ཚད་ལྟ་བ་དང་རྒྱུ་ཆ་ཞིབ་དཔྱད་བྱེད་ཐུབ་ཀྱི་ཡོད་མོད། འོན་ཀྱང་མིག་མདུན་གྱི་ཞིང་པ་ཚོས་ད་དུང་ཐབས་ཤེས་རྙིང་པར་བརྟེན་ནས་རྫས་ལུད་དབྱེ་བ་འབྱེད་ཀྱི་ཡོད། ཁྱད་པར་ཆེ་ཤོས་ཤིག་ནི་ཀྲུང་གོ་ཞིང་ལས་སློབ་ཆེན་ཆུས་ཀྲོའུ་ཚོད་ལྟ་ཁང་དུ་ལོ་ཏོག་སྐྱེ་འཚར་བཟང་མོད། ཞིང་པའི་ས་ཞིང་དུ་ལོ་ཏོག་རྟག་ཏུ་ཉལ་བ་དང་ཐོན་འབབ་དམའ་བའི་གནས་ཚུལ་ཡོད་པ་དེ་རེད།

    མཚན་གུང་ལ། ཀྲང་ཧྥུའུ་སུའོ་གཉིད་ཁུག་མེད། “ང་ཚོའི་ཚོགས་པས་རིག་གཞུང་དུས་དེབ་གལ་ཆེན་ཐོག་བཏོན་པའི་དཔྱད་རྩོམ་དེ་དག་གིས་ཞིང་པ་ཚོར་ཕན་ཐོགས་གང་ཡོད་དམ། ཚོད་ལྟ་ཁང་ནང་གི་གྲུབ་འབྲས་དང་དཔེ་དེབ་ཐོག་གི་ཤེས་བྱ་དེ་དག་ཞིང་ནང་དང་མུ་ཁར་ཕན་ཐོགས་ག་ཚོད་ཡོད་དམ”ཞེས་སོམ་ཉིའི་དྲ་བར་ཚུད། དེར་བརྟེན། ཁོང་གིས་ཚོགས་པ་དང་མཉམ་དུ་དེ་གར་བསྡད་དེ་ཡུལ་མི་སྤུན་ཟླ་ཚོ་དང་མཉམ་དུ་ལག་ལེན་ལ་བརྟེན་ནས་གནད་དོན་དེ་དག་ཐག་གཅོད་བྱ་རྒྱུའི་སེམས་ཐག་བཅད།

    དུས་ཚོད་རིམ་གྱིས་འདས་པ་དང་བསྟུན་ནས། ཀྲང་ཧྥུའུ་སུའོ་ཚོགས་པས་ཚན་རྩལ་གྱི་ཤེས་བྱ་དང་གྲུབ་འབྲས་མང་པོ་ཞིག་ཞིང་ནང་དུ་ཁྱབ་གདལ་བཏང་བས། ཡུལ་མི་སྤུན་ཟླ་ཚོས“ང་ཚོའི་འདི་གར་ཚན་རྩལ་སྒོ་ར་ཆུང་ཆུང་ཞེས་བཏགས་ན”ཞེས་གྲོས་འགོ་བཏོན།

    ཀྲང་ཧྥུའུ་སུའོ་ཡིས་ཆ་སྙོམས་ལོ་ལྟར་གྲོང་གསེབ་ཏུ་ཞག་མ་200ལྷག་ཙམ་བསྡད་དེ་རྟག་ཏུ་ཞིང་པ་ཚོ་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་སོ་ནམ་ལས་ལ་གཞོལ་གྱི་ཡོད། ལོ་17རིང་། ཚན་རྩལ་སྒོ་ར་ཆུང་ཆུང་དེ་ཉིད་ཀྱང་ཆུས་ཀྲོའུ་ཡི“སོན་རྡོག་གཅིག”ནས་རྒྱལ་ཡོངས་སུ་ཁྱབ་པའི“ཞིང་དར་ནགས་གསེབ”ཏུ་གྱུར་པ་སྟེ། མཐོ་སློབ་200ལྷག་ཙམ་ཞུགས་པ་དང་ཚན་རྩལ་སྒོ་ར་ཆུང་ཆུང་5000ལྷག་ཙམ་སྙན་ཐོ་དཔོད་ནས་ཞིབ་འཇུག་སློབ་མ་ཁྲི་ཚོ་མང་པོ་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་རྩ་བ་ཚུགས་ཡོད།

    ཤེས་ལྡན་པ་གསོ་སྐྱོང་ཐད། ཀྲང་ཧྥུའུ་སུའོ་ཡིས“ན་གཞོན་སོ་སོས་ཐག་གཅོད་རྒྱུ”དེ་བས་གལ་ཆེ་བར་འཛིན་གྱི་ཡོད། ཚན་རྩལ་སྒོ་ར་ཆུང་ཆུང་གི་ཞིབ་འཇུག་སློབ་མའི་སྐོར་གླེང་སྐབས་ཁོང་གིས་སྤོབས་པ་ཆེན་པོས“སློབ་མ་ཚོས་སྒོ་ར་ཆུང་ཆུང་དུ་ཡུལ་མི་སྤུན་ཟླ་ཚོར་གནད་དོན་དངོས་ཐག་གཅོད་བྱེད་རོགས་དང་། ས་གནས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཇི་ལྟར་གཏོང་དགོས་ཚུལ་དང་ཞིང་པ་དང་འབྲེལ་འདྲིས་བྱེད་སྟངས་སྦྱོང་གི་ཡོད། དུས་ཚོད་གང་ཙམ་སོང་རྗེས་ཁོང་ཚོ་རང་རྐྱ་འཕེར་ནས་མིག་ཟུང་ནས་རེ་བའི་འོད་མདངས་འཕྱུར་བཞིན་འདུག”ཅེས་བརྗོད།

    ཁོང་གིས་གཙོ་ཁྲིད་བྱེད་པའི“རྒྱལ་ཁབ་ཆེན་པོའི་ཞིང་གསུམ། ཞིང་ལས་ལྗང་མདོག་འཕེལ་རྒྱས”ཞེས་པའི་དྲ་ཐོག་ཀུན་ཤེས་སློབ་ཚན་སློབ་གྲྭ་462ཀྱི་མི་ཐེངས་ཁྲི་27གྱིས་འདེམས་སྦྱོང་སློབ་ཚན་དུ་བདམས་པ་དང་། ཐོན་ཁུངས་དང་ཁོར་ཡུག་ཚན་རིག་གི་དངོས་གཞིའི་སློབ་མ་རྩེ་གྲའི་གསར་གཏོད་འཛིན་གྲྭ་བཙུགས་ཏེ་རིག་ཚན་སྣ་མང་སྣོལ་འདྲེས་ཀྱི་གསོ་སྐྱོང་མ་ལག་བཏོད་པ། ཚན་རྩལ་སྒོ་ར་ཆུང་ཆུང་དེ་ཉིད་ཕྱི་རྒྱལ་དུ་ཁྱབ་གདལ་བཏང་ནས་ཀྲུང་གོའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་སོགས་ཀྲང་ཧྥུའུ་སུའོ་ཡི་སྣེ་ཁྲིད་འོག་དགེ་སློབ་འབོར་ཆེན་ཞིག་ཞིང་ལས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་ཞིང་ལས་སྟོབས་ཆེན་དང་དར་རྒྱས་གཏོང་བའི་སྟོབས་ཤུགས་གསར་པར་འགྱུར་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།