ཞུང་ཨན་ཁུལ་གསར་གྱི་ལྟེ་བའི་ལྗང་མདོག་རྨང་གཞིའི་ལྷན་སྦྱར་སྒྲིག་བཀོད་ལས་གྲྭར་ཞིབ་བཤེར་རྩིས་ལེན་བྱས་པ།

འདི་ནི་ཞུང་ཨན་ཁུལ་གསར་གྱི་ལྟེ་བའི་ལྗང་མདོག་གླིང་ཡིན་པ། ཉེ་ཆར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་ཁུར་བའི་ལྟེ་བའི་ལྗང་མདོག་རྨང་གཞིའི་ལྷན་སྦྱར་སྒྲིག་བཀོད་ལས་གྲྭའི་རྣམ་གྲངས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཏེ་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་རེད། རྣམ་གྲངས་དེ་ཧོ་པེའི་ཞུང་ཨན་ཁུལ་གསར་ལག་བསྟར་ཁུལ་གྱི་ལྟེ་བའི་ཁུལ་དུ་དོན་འཁྱོལ་བྱས་པ་དང་། བསྐྲུན་ཟིན་རྗེས་གླིང་ཁུལ་གྱི་སྤྲོ་གསེང་ཡུལ་སྐོར་དང་སྤྱི་པའི་ཞབས་ཞུའི་བྱེད་ནུས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད། དེས་ལྟེ་བའི་ལྗང་མདོག་གི་ཞུང་ཨན་སྐྱེ་ཁམས་ལྟེ་བ་དང་། གྲོང་ཁྱེར་གྱི་ཚོམས་ཆེན། རིག་གནས་ཀྱི་མཚོན་རྟགས་བཅས་གཏོད་པར་རམ་འདེགས་བྱས་ཏེ་ཁུལ་གསར་གྱི་དམངས་འཚོའི་སྤུས་ཚད་ལེགས་སུ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།