དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • 2026ལོའི“སེ་འབྲུའི་མེ་ཏོག་བཞད། སེམས་པ་གཅིག་ཏུ་མཐུན”ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-16

    ཉེ་ཆར། 2026ལོའི“སེ་འབྲུའི་མེ་ཏོག་བཞད། སེམས་པ་གཅིག་ཏུ་མཐུན”ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཆབ་མདོར་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་དེ་ཟླ་9ཚེས་18ཉིན་བར་རྒྱུན་མཐུད་ནས་སྤེལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས“གསར་བརྗེའི་གཞི་རྒྱུ་འཚོལ་བ་དང་། དམངས་འཚོར་ཤེས་རྟོཌ་བྱེད་པ། སྙིང་སྟོབས་རྒྱུན་འཛིན”བཅས་སྲོག་ཤིང་དུ་བྱས་ཏེ་ཀྲུང་དབྱང་སྨྱན་སྦྱོར་གྱིས་སྣེ་ཁྲིད་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར་གྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པ། ཁོངས་གཏོགས་ཁུལ་གྱི་སྨྱན་སྦྱོར་གྱིས་གཙོ་བོར་བྱེད་པ། ཚོང་ལས་ལས་སྟེགས་ཀྱིས་ནང་དོན་ལེགས་འདེམས་ཧྲག་སྒྲིག་བྱས་ནས་གཏོང་བ། དྲང་ནུས་དྲ་རྒྱའི་མི་སྣ་གྲགས་ཅན་གྱིས་བརྩེ་བ་ཟབ་མོས་འབོད་སྐུལ་བྱེད་པ་བཅས་ས་ཁོངས་སྒྲོལ་བའི་བརྒྱུད་སྤེལ་བཀོད་པ་ཞིག་ཧུར་ཐག་གཏོད་རྒྱུ་རེད། བྱེད་སྒོ་སྤེལ་རིང་། ཀྲུང་དབྱང་དང་ས་གནས་ཀྱི་གཙོ་རྒྱུན་དྲ་རྒྱའི་སྨྱན་སྦྱོར་གྱི་གསར་འགོད་པ་དང་དྲ་རྒྱའི་དྲང་ནུས་དཔོད་བདག་གིས་དྲ་རྒྱའི་སྨྱན་སྦྱོར་ཚོགས་པ་བཙུགས་ནས། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་། གོ་འཇོ་རྫོང་། སྨར་ཁམས་རྫོང་། མཛོ་སྒང་རྫོང་སོཌ་སུ་བསྐྱོད་དེ་གསར་བརྗེའི་གནས་རྟཌ་འཚོལ་བ་དང་། གཞི་རིམ་བཅོས་སྐྱོང་དང་དམངས་འཚོའི་ལག་ལེན། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཐོན་ལས་འཕེལ་རྒྱས། རིགས་པའི་གཞུང་ལུཌ་སྒྲོག་འགྲེལ་དང་སྙིང་སྟོབས་རྒྱུན་འཛིན་སོགས་ཀྱི་གཙོ་རྐང་ལ་དམིགས་ནས་བརྟག་ཞིབ་བཅར་འདྲི་དང་དྲིལ་བསྒྲགས་འཕྲིན་སྤེལ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།