ཀྲུང་གོས་ནེ་པ་ལར་ཛ་དྲག་ངང་རོགས་སྐྱོར་བྱས་པའི་དངོས་ཟོག་ཁག་ལྔ་པ་ཀ་ཏ་མན་རྡུར་འབྱོར་བ།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་11ཉིན་གྱི་ཕྱི་དྲོར། ཀྲུང་གོས་ནེ་པ་ལར་ཛ་དྲག་ངང་རོཌ་སྐྱོར་བྱས་པའི་དངོས་ཟོག་ཁག་ལྔ་པ་བླུཌ་པའི་ཀྲུང་གོའི་མཁའ་དམག་གི་ཨང་རྟགས་20ཡི་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་ཐེ་ལི་པུའུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད།
ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་མའོ་མིང་གིས་ནེ་པ་ལའི་ཚན་རིག་ལག་རྩལ་གསར་གཏོད་པུའི་པུའུ་ཀྲང་མཱ་ཧ་པིར·ཕུའུ་ཨེན་དང་མཉམ་དུ་རོགས་སྐྱོར་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
གེགས་སེལ་ལས་དོན་ལ་མུ་མཐུད་སྤེལ་བ་དང་བསྟུན་ནས་ད་ཐེངས་ཀྱི་རོཌ་སྐྱོར་དངོས་ཟོག་ནེ་པ་ལའི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ་གཙོ་བོ་ཁྲའེ་ཡིའུ་སྣུམ་གྱི་གློག་འདོན་འཕྲུལ་འཁོར་དང་། སྨན་སྤྱོད་འགོག་སྲུང་ཁ་རས། སྐུ་ཕུང་འཇོག་སྒམ། DNAཞིབ་དཔྱད་ཚད་ལེན་ཡོ་བྱད་དང་དེ་བཞིན་ཚོད་སྨན། ཆུ་ཁོངས་རོཌ་སྐྱོབ་སྒྲིག་ཆས་སོགས་ཚུད་ཡོད་པས། ནེ་པ་ལ་ཕྱོགས་ཀྱིས་རྗེས་མཐུད་ལས་དོན་སྤེལ་བར་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།