ཀྲུང་གོ(ཀུའེ་ཀྲོའུ)རྒྱལ་སྤྱིའི་ཨ་རག་རིགས་ཀྱི་འགྲེམས་ཚོགས་སྐབས་བཅོ་ལྔ་པ་འཚོགས་པ།

ཟླ་9ཚེས་11ཉིན། ཀྲུང་གོ(ཀུའེ་ཀྲོའུ)རྒྱལ་སྤྱིའི་ཨ་རག་རིགས་ཀྱི་འགྲེམས་ཚོགས་སྐབས་བཅོ་ལྔ་པ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ཨ་རག་འགྲེམས་ཚོགས་གཉེར་ཡུན་ཉིན་3ཡིན་པ་དང་། “གོ་ལ་ཧྲིལ་པོའི་བདུད་རྩི་གཅིག་ཏུ་འདུས། མཉམ་ལས་ལེའུ་གསར་མཉམ་དུ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་29ཡི་ཨ་རག་ཁེ་ལས་1117འགྲེམས་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཨ་རག་སྣ་ཁ་20000ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།
འདི་ནི་ཟླ་9ཚེས་12ཉིན་འགྲེམས་ཞུགས་ཚོང་པས་ཨ་རག་འགྲེམས་ཚོགས་ཐོག་ཨ་རག་འོས་སྦྱོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།