“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱའི”བྱེད་སྒོ་ཐེངས་172པ་ཅང་ཤིས་རུའེ་ཅིན་དུ་གཉེར་བ།
ཚེས་11ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱའི”བྱེད་སྒོ་ཐེངས་172པ་ཅང་ཤིས་རུའེ་ཅིན་དུ་གཉེར་ཞིང་། ད་ཐེངས་ཀྱི་བྱེད་སྒོར“ཀྲུང་གོ་གུང་ཁྲན་ཏང་གིས་དམར་དམག་རྒྱང་སྐྱོད་ལ་འགོ་ཁྲིད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་དོན་སྙིང”བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་ཧྥུང་ཁྲེང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།
སྒྲོག་འགྲེལ་བྱེད་རིང་། དབྱང་ཧྥུང་ཁྲེང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་བཟོ་ཞིང་དམར་དམག་གིས་རྒྱང་སྐྱོད་བྱས་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་ཤིང་། ཤང་ཅང་དམར་འཛིང་དང་། ཙུན་དབྱིའི་ཚོགས་འདུ། ཁྲི་ཧྲུའེ་གཙང་པོ་ཐེངས་བཞི་བརྒལ་བ། ལུའུ་ཏིང་ཟམ་པ་མྱུར་དུ་བླངས་པ། མཐོན་པོའི་གངས་རི་བརྒྱབ་པ་དང་མུ་མེད་རྩྭ་ཐང་བརྒལ་བ་སོགས་ཀྱི་དོན་རྐྱེན་གལ་ཆེན་དང་དཔའ་བོའི་བྱ་སྤྱོད་རླབས་པོ་ཆེ་དང་ཟུང་འབྲེལ་བྱས་ནས། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེའི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་གསལ་འགྲེལ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་རྒྱལ་ཁ་རྒྱུན་ཆད་མེད་པར་ཐོབ་པའི་ཆེས་རྩ་བའི་འགན་ལེན་ཡིན་པ་འཆད་འགྲེལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།