དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ཁེ་ལས་11ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-15

    ཉེ་ཆར། 2026ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས(གཤམ་དུ“ཞབས་ཞུའི་ཚོང་དོན་ཚོང་འདུས”ཞེས་བསྡུ་རྒྱུ)པེ་ཅིང་ཧྲོའུ་ཀང་གླིང་དུ་འགོ་ཚུགས་པ་དང་། ད་རེས་ཀྱི་འགྲེམས་ཚོགས་ཚོགས་ཡུན་ཉིན་5ཡིན་ཞིང་། རང་ལྗོངས་ཀྱི་ཁེ་ལས་11ཚོགས་པ་བྱས་ནས་འགྲེམས་ཚོགས་ལ་ཞུགས་ཡོད།

    ད་རེས་ཀྱི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་བོད་ལྗོངས་འགྲེམས་ཁང་གིས“བོད་ཀྱི་ཉམས་འགྱུར་དེང་རབས་དང་མཉམ་འདྲེས། གོ་ལ་ཧྲིལ་པོར་ཞབས་འདེགས་ལེགས་པར་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་སྨི་ངོས་གྲུ་100ཡི་དམིགས་བསལ་ཇུས་འགོད་ཀྱི་འགྲེམས་སྟེགས་བཙུགས་ཡོད། འགྲེམས་ཁང་གིས་ས་མཐོའི་རིག་གནས་ཀྱི་ལེགས་ཆ་དང་ཨེ་ཤེ་ཡ་ལྷོ་མའི་ཁུལ་གྱི་ལྗོངས་བབ་ཀྱི་ལེགས་ཆར་གཞི་བཙུགས་པའི་ཁར། རྒྱལ་སྒྲོལ་ཟོག་འགྲུལ་དང་། མཁའ་འགྲུལ་ཞབས་ཞུ། བོད་ལུགས་གསོ་རིག་ལུས་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རིག་གནས་ཉམས་ལེན་དང་ཚོང་དོན་ཟོག་འགྲུལ་ཞབས་ཞུ་ཟུང་འབྲེལ་གཙོ་རྐང་དུ་བྱས་ནས། རིག་གནས་ཉམས་ལེན་དང་ཚོང་དོན་གྲོས་མོལ་སོགས་ཀྱི་འགྲེམས་ཁུལ་བཙུགས་ཤིང་། བོད་ཀྱི་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་པར་གཞི་སྟོན་པ་དང་། བོད་སྨན་གྱི་འོས་འགན་སྨན་བཅོས་ཀྱི་ཉམས་ལེན་རྣམ་གྲངས་བཙུགས་པ་བརྒྱུད། འགྲོ་འོང་བྱེད་མཁན་མི་ཚོགས་ལ་དབྱིངས་ཞུགས་རྣམ་པའི་སྒོ་ནས་ས་མཐོའི་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་དུ་བཅུག་ཡོད།

    འགྲེམས་ཚོགས་ཚོགས་ཡུལ་དུ་བོད་ལྗོངས་ཉོ་ཚོང་ཚོགས་པར་མཉམ་ལས་གྲུབ་འབྲས་གཉིས་ཐོབ་ཅིང་། བོད་ལྗོངས་ཀྲུང་ཤིང་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སིས་ཀྲུང་ནེའི་རྒྱལ་སྒྲོལ་ཚོང་དོན་བགྲོད་ལམ་དང“བོད་ལྗོངས་རྟགས་ཅན”གྱི་རྒྱུན་བཙུགས་མེ་འཁོར་སོགས་ལས་སྒོར་བརྟེན་ནས་ནན་ཐུང་གྲོང་ཁྱེར་རྒྱལ་སྤྱིའི་ཟོག་འདྲེན་རྒྱུན་བཙུགས་མེ་འཁོར་ཚད་ཡོད་ཀུང་སི་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ། གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་མེ་འཁོར་རྒྱུན་རྣམ་ཅན་གྱི་སྒོ་ནས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། བོད་ལྗོངས་ལུའུ་ཧྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཤིན་ཆའོ་རིག་འདུས(པེ་ཅིང)ཆ་འཕྲིན་བློ་འདྲི་ཚད་ཡོད་ཀུང་སི་དང་སྒོར་ཁྲི་100.8ཀྱི་གྲོ་མའི་སྦི་རག་མངགས་ཉོའི་གན་རྒྱ་བཞག་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།