དབུ་ཤོག
  • ས་ཆ་འདི་དག་ལ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-14

    ཚེས་13ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་དུས་འབྲིང་གི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། མ་འོངས་ཉིན་བཅུའི་ནང་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དང་བྱང་རྒྱུད་དུ་ཆར་པ་ཡང་ཡང་འབབ་རྒྱུ་དང་། ཟླ་9ཚེས་13ཉིན་གྱི་མཚན་མོ་ནས་ཚེས་16ཉིན་བར་ཆར་པ་ཆེན་པོ་འབབ་རྒྱུ། ཉིང་ཁྲི་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། དེའི་ནང་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ་རེད་འདུག ཡར་ཀླུང་གཙང་པོའི་རྒྱུད་དང་ནག་ཆུ་དང་ཆབ་མདོའི་བྱང་རྒྱུད་དུ་དུས་ཐུང་ནང་དྲག་ཆར་འབབ་པ་དང་ཐོག་རྒོད་རླུང་འཚུབ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་རྒྱུ་རེད་འདུག

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་9ཚེས་13ཉིན་གྱི་མཚན་མོ་ནས་ཚེས་16ཉིན་བར། ཉིང་ཁྲི་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། དེའི་ནང་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། ལྷ་ས་དང་། ཆབ་མདོའི་དབུས་རྒྱུད། གཞིས་རྩེའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་ཐོལ་ཆར་འབབ་རྒྱུ།

    ཟླ་9ཚེས་17ནས་ཚེས་20ཉིན་བར། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད། གཞིས་རྩེའི་ཤར་རྒྱུད་དང་ལྷོ་རྒྱུད། ལྷ་སའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་ཁའི་ཤར་རྒྱུད་དང་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ཆབ་མདོའི་ལྷོ་རྒྱུད་དང་། ནག་ཆུའི་དབུས་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད། ལྷ་སའི་དབུས་རྒྱུད་དང་ནུབ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཁ་ཐོར་རང་བཞིན་གྱི་ཐོལ་ཆར་འབབ་རྒྱུ།

    ཟླ་9ཚེས་21དང་22ཉིན། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་རྒྱུད་དང་། ལྷ་སའི་བྱང་རྒྱུད། ཆབ་མདོའི་དབུས་རྒྱུད། གཞིས་རྩེའི་བྱང་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།