བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་2026ལོའི་སློབ་འགོ་ཚུགས་པའི་མཛད་སྒོ་དང་དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པར་རྟེན་འབྲེལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
ཟླ་9ཚེས་10ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་2026ལོའི་སློབ་འགོ་ཚུགས་པའི་མཛད་སྒོ་དང་དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པར་འཚོགས་པ་རེད།
རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་བྱེད་སྒོ་འགོ་ཚུགས་ཤིང་། མི་སྣ་ཡོངས་ཀྱིས་དང་ཐོག་སྐྱིད་གྲོང་གི་ཆུ་རུད་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་གདུང་སེམས་དྲག་པོས་མྱ་ངན་ཞུས་པ་རེད། དེ་རྗེས་ཚོགས་ཆེན་གྱིས་སྔོན་ཐོན་དཔེ་མཚོན་ཁག་གཅིག་ལ་གཟེངས་བསྟོད་བྱས་པའི་ནང་སློབ་གསོའི་འཐབ་ས་དང་པོའི་སློབ་ཁྲིད་དགེ་རྒན་གྲགས་ཅན་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་སློབ་གསོའི་ལས་དོན་པ། སློབ་ཁྲིད་བྱས་ནས་ལོ་30འཁོར་བའི་དགེ་རྒན་བསླབ་པ་རྒན་གྲས་བཅས་དང་དེ་བཞིན་ཕུལ་བྱུང་སློབ་མ་དང་སྔོན་ཐོན་མཉམ་སྡེབ་བཅས་ཚུད་ཡོད་པ་དང་། 2026ལོའི་སློབ་མ་གསར་པར་དགའ་བསུ་ཞུས་པ་དང་འབྲེལ། དགེ་རྒན་དང་ལས་བཟོ་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་དགེ་རྒན་དུས་ཆེན་གྱི“སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་ཐུན་མོང་ཐོག་གཏོད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་སློབ་གྲྭའི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན། སློབ་ལ་བརྩོན་པའི་སློབ་གྲྭའི་ཁོར་ཡུག་སྔར་བས་ཟབ་ཏུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།