བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བརྗོད་དོན་གཙོ་བོའི་བསམ་བློ་ཆབ་སྲིད་སློབ་ཚན་དང་བསམ་བློ་ཆབ་སྲིད་སློབ་ཁྲིད་འགྲེམས་སྟོན་དཔྱད་བསྡུར་བྱེད་སྒོ་སྐབས་གསུམ་པའི་མཐའ་བསྡུར་བྱས་པ།
ཚེས་12ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོའི་བསམ་བློ་ཆབ་སྲིད་སློབ་ཚན་དང་བསམ་བློ་ཆབ་སྲིད་སློབ་ཁྲིད་འགྲེམས་སྟོན་དཔྱད་བསྡུར་བྱེད་སྒོ་སྐབས་གསུམ་པའི་མཐའ་བསྡུར་ལྷ་སར་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་དེ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་དང་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བ་ཞིག་རེད། ཉིན་གཅིག་དང་ཕྱེད་ཀའི་གོ་རིམ་ལྡན་ལ་ལྟད་མོ་ཆེ་བའི་ས་གནས་ས་ཐོག་གི་སློབ་ཁྲིད་འགྲེམས་སྟོན་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་འགྲན་ཞུགས་དགེ་རྒན་65ཡིས་མཉམ་དུ་འགྲན་བསྡུར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོའི་དུས་རབས་ཀྱི་ནང་དོན་དང་ལག་ལེན་གྱི་ཐབས་ལམ་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།
ད་ཐེངས་ཀྱི་མཐའ་བསྡུར་ནང་བསྡོམས་དཔེ་སྟོན་གྱི་སློབ་ཚན་ཡག་ཤོས་35དཔྱད་འདེམས་བྱས་པའི་ནང་བསམ་བློ་ཆབ་སྲིད་ཀྱི་དཔེ་སྟོན་སློབ་ཚན་ཡག་ཤོས་22དང་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དཔེ་སྟོན་སློབ་ཚན་ཡག་ཤོས་13ཡོད་ལ། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་བཅས་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།