དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྨྱུག་རྩ་སྐེམ་པའི་ལས་ལ་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-14

    འདི་ནི་ཟླ་9ཚེས་11ཉིན། ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་ཀུང་ཁྲེང་ཡའོ་རིགས་རང་སྐྱོང་རྫོང་ཅ་ཧུའེ་གྲོང་རྡལ་ཤིས་ནན་གྲོང་ཚོར་ཡུལ་མིས་སྨྱུག་རྩ་བསིལ་སྐེམ་གཏོང་བཞིན་པ།

    ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་ཀུང་ཁྲེང་ཡའོ་རིགས་རང་སྐྱོང་རྫོང་དུ་ནགས་ཚལ་ཁྱབ་ཚད་80%ལས་བརྒལ་བ་དང་སྨྱུག་ཚལ་རྒྱ་ཁྱོན་མུའུ་ཁྲི་6.7ཟིན་ནས་ལོ་ཧྲིལ་པོར་སྨྱུག་རྩ་སོས་པའི་ཐོན་འབབ་ཏུན་1500ལྷག་ཙམ་ཟིན་ཡོད། ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་ཀུང་ཁྲེང་ཡའོ་རིགས་རང་སྐྱོང་རྫོང་གིས་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་བཙུགས་ཏེ་སྨྱུག་རྩའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སྨྱུག་རྩ་སྐམ་པོ་ལས་སྣོན་ཐོན་སྐྱེད་རྟེན་གཞི་བསྐྲུན་ཏེ་དྲ་ཐོག་དང་དྲ་ཕྱིའི་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་བཏང་ཞིང་། ཡའོ་རིགས་ལུང་པའི་མང་ཚོགས་ལ་སྐུལ་ཁྲིད་བྱས་པས་སྨྱུག་རྩའི་ཐོན་ལས་འབབ་འཕར་ཕྱུག་འགྱུར་གྱི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།