སློབ་སྦྱོང་དང་མིག་ལྟོས་བྱེད་རེས་མཐའ་འཁྱོངས་ཀྱིས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་བྱེད་པ།
2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་འཚོགས་པ་རེད། ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབུ་བརྙེས་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ལོ་25ཡི་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱིས་རིག་གནས་དང་། ཚན་རྩལ། སློབ་གསོ། ཡུལ་སྐོར། དམངས་འཚོ་སོགས་མི་ཆོས་རིག་གནས་སྤེལ་རེས་ཁྱབ་ཁོངས་མང་པོར་དངོས་སྒྲུབ་མཉམ་ལས་བྱས་ཏེ། དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་བཙུགས་པ་དང་། ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་བྱེད་པའི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྙིང་སྟོབས”ལས་དུས་རབས་ཀྱི་བཀྲག་མདངས་རྒྱུན་ཆད་མེད་པར་འཚེར་ནས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བར“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རང་དཔེ་གཞན་སྟོན”བྱས་ཡོད་པ་རེད།

མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གལ་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་ཀྱི་ཁྱབ་ཁོངས་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་མང་པོའི་ཡིག་ཆ་གལ་ཆེན་རབ་དང་རིམ་པ་བཟོས་པ་དང་འབྲེལ་དེར་གྲོས་འཆམ་ཡང་བྱུང་བ་དང་། དེའི་དམིགས་ཡུལ་ནི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། འདི་ནི་འགྲུལ་པ་ཞིག་གིས་ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་གཉེར་སྐྱོང་བྱེད་པའི་ཁ་ལོ་བ་མེད་པའི་གླ་འཁོར་ལ་ཉམས་ལེན་བྱེད་བཞིན་པ།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་སློབ་ཆེན་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལས་སྟེགས་གཙོ་གནད་ཅིག་ཡིན་པ་དང་། ཁོངས་མིའི་རྒྱལ་ཁབ་ཁག་གི་ཆུ་ཚད་མཐོ་བའི་སློབ་གླིང་དང་མཉམ་དུ་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ནས་ཁོངས་མིའི་རྒྱལ་ཁབ་ཀྱི་སློབ་གསོ་མཉམ་ལས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད། ཨུ་རུ་སུའི་མི་དམངས་མཛའ་གྲོགས་སློབ་ཆེན་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སློབ་ཆེན་རྣམ་གྲངས་ཀྱི་སློབ་གླིང་གི་གྲས་ཤིག་ཡིན་ཞིང་། འདི་ནི་སློབ་གྲྭ་དེའི་དགེ་སློབ་ཀྱིས་སློབ་གྲྭའི་ནང་སྤེལ་རེས་བྱེད་བཞིན་པ། མཱ་ཁེ་ཤིས་མུའུ·པུར་མཱ་ཐོ་ཧྥུའུ་ཡིས་པར་བརྒྱབ།

ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྒྲོམ་གཞིའི་ནང་གི་མཉམ་ལས་རྒྱལ་ཁབ་མང་པོར་ལུའུ་པན་བཟོ་ཁང་བཙུགས་ནས་རྒྱལ་ཁབ་མང་པོར་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་ཤིང་། འདི་ནི་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་གནས་པའི་རྫ་ཆུ་དང་མེ་ཀུང་གཙང་པོའི་ལས་རིགས་སློབ་གསོ་གསོ་སྦྱོང་ལྟེ་གནས་དང་ལུའུ་པན་བཟོ་ཁང་དུ་སློབ་མས་གློག་ལས་གློག་སྐུད་སྒྲིག་སྟངས་ཀྱི་འབྲེལ་ཡོད་ཤེས་བྱ་སྦྱོང་བཞིན་པ།

2025ལོའི་ཟླ་3པར། ནེ་པ་ལའི་ཀ་ཏ་མན་རྡུ་གཞུང་ཞབས་པའི་སྨན་ཁང་དུ“ཀྲུང་ནེའི་ལོང་འགོག་མཉམ་ལས་ལྟེ་གནས”བཙུགས་པ་དེ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་གཞན་ཞིག་ཡིན་ཞིང་། འདི་ནི་སྨན་དོན་པས་ནད་པ་ཞིག་གི་མིག་ལ་བརྟག་དཔྱད་བྱེད་བཞིན་པ།སང་ཏེ་ཧྲི·ཧྲི་ལེ་སི་ཐཱ་ཡིས་པར་བརྒྱབ།

ཉེ་བའི་ལོ་ཤས་རིང་། ཀྲུང་ཁེར་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ལས་དོན་ཁེར་གྷི་སི་ཐན་གྱི་ས་ཆ་མང་པོར་སྤེལ་ཞིང་། འདི་ནི་ད་ལོའི་ཟླ་8པར་ཧྲའན་ཤིས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ལས་དོན་པས(གཡོན་གྱི་དང་པོ)ཁེར་གྷི་སི་ཐན་དུ་གནས་པའི་ཧུང་ཧོ་རྗེས་ཤུལ་དུ་ཁེར་གྷི་སི་ཐན་ཕྱོགས་ཀྱི་ལས་དོན་པར་གནའ་རྫས་རྟོག་ཞིབ་བྱ་ཐབས་འགྲེལ་བཤད་རྒྱག་བཞིན་པ།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྒྲོམ་གཞིའི་འོག་གི་མཉམ་ལས་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དབར་གྱི་རིག་གནས་ཡུལ་སྐོར་སྤེལ་རེས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། འདི་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ས་མར་ཧན་གྲོང་ཁྱེར་ལེ་ཅི་སི་ཐན་ཐང་ཆེན་དུ་རྒྱལ་ཁབ་ཁག་གི་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ།

2025ལོའི་ཟླ་11ཚེས་30ཉིན། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཁུན་མིང་མར་སུན་འགྲན་རྒྱུག་ཡུན་ནན་ཧའེ་ཀེང་ཚོགས་ཁང་གི་མདུན་དུ་འགོ་བཙུགས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་གྱི་བདམས་ཐོན་པ་ཁྲི་2.6འགྲན་བསྡུར་ལ་ཞུགས་ཡོད་ཅིང་། འདི་ནི་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁུན་མིང་མར་སུན་འགྲན་རྒྱུག་གི་འགྲན་བསྡུར་བྱ་ཡུལ་ཡིན་པ། ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཁུན་མིང་མར་སུན་འགྲན་རྒྱུག་སྒྲིག་འཛུཌ་ཨུ་ལྷན་གྱིས་པར་རིས་མཁོ་འདོན་བྱས།

ཀྲུང་གོའི་འོད་ཤུགས་ཐོན་རྫས་ཕ་ཁི་སི་ཐན་གྱི་གྲོང་གསེབ་ས་ཁུལ་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ས་གནས་དེ་གའི་གློག་ཤུགས་མཁོ་འདོན་མ་ལག་ཆ་མི་ཚང་བ་དང་གློག་རིན་མཐོ་དྲགས་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅིང་། འདི་ནི་ཕ་ཁི་སི་ཐན་ཁའེ་ཕུའུ་ཞིང་ཆེན་གྱི་ཞིང་དུད་ཀྱིས་ཀྲུང་གོས་བཟོས་པའི་ཉི་ནུས་གློག་རྫས་ཤེལ་ལེབ་ལ་བརྟེན་ནས་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།