དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་ནས་ཞལ་གྱེས་ཏེ་རྡི་ལི་གསར་པར་ཕེབས་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་པ།

    ཞི་ཅིན་ཕིང་རྡི་ལི་གསར་པར་ཕེབས་འབྱོར་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-14

    འདི་ནི་ཞི་ཅིན་ཕིང་རྡི་ལི་གསར་པའི་ཕཱ་ལཱ་མུའུ་མཁའ་དམག་རྟེན་གཞིར་ཕེབས་འབྱོར་ཟིན་སྐབས་རྒྱ་གར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རྡི་ལི་གསར་པར་ཕེབས་འབྱོར་ཟིན་ནས། རྒྱ་གར་གྱི་ཙུང་ལི་མོ་ཏིའི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་པ་རེད།

    ཞི་ཅིན་ཕིང་རྡི་ལི་གསར་པའི་ཕཱ་ལཱ་མུའུ་མཁའ་དམག་རྟེན་གཞིར་ཕེབས་འབྱོར་ཟིན་སྐབས་རྒྱ་གར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།

    གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ནང་ལྷན་དུ་ཕེབས་པ་རེད།

    རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུས་ཧྥེ་ཧུང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

    ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་གསོལ་མགྲོན་ཁང་དུ་ཕེབས་སྐབས་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཟླ་9ཚེས་12ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རྡི་ལི་གསར་པར་ཕེབས་ནས་རྒྱ་གར་གྱི་ཙུང་ལི་མོ་ཏིའི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་པ་རེད།

    ཞི་ཅིན་ཕིང་དང་ལྷན་དུ་འཚམས་འདྲིར་ཕེབས་མཁན་གྲས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།