མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་120ལས་བརྒལ་བ།
ཟླ་8ཚེས་20ཉིན་བར། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་ནས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་120ལས་བརྒལ་ནས་ཆུ་ཚོད་ཆན་ཝ་དུང་ཕྱུར་120.08ཟིན་ཡོད་པ་རེད།
སྤྱོད་འགོ་ཚུགས་པ་ནས་བཟུང་། ས་བབ་མཐོ་བ་དང་། གནམ་གཤིས་ཞན་པ། གློག་སྤྱོད་ཐེག་ཚད་ཀྱི་འཕར་ཆག་ཆེ་བ་སོགས་རྙོག་འཛིང་ཆེ་བའི་ཆ་རྐྱེན་གྱི་མདུན་དུ་མར་སྟེང་ཡན་ལག་ཀུང་སིས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་དམིགས་ཚད་གཏན་འཁེལ་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་། སྒྲིག་ཆས་བཅོས་སྐྱོང་། འཁོར་སྐྱོད་བཀོད་གཏོང་བཅས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་གློག་གཏོང་གི་ལས་ཕྱོད་དང་སྒྲིག་ཆས་ཀྱི་བློས་འགེལ་རང་བཞིན་རྒྱུན་མཐུད་ཆེ་རུ་བཏང་ཡོད། གློག་ཁང་གིས་ཚན་རིག་དང་མཐུན་པའི་བཀོད་གཏོང་དང་དོ་དམ་ཞིབ་ཚགས་མཐའ་འཁྱོངས་བྱས་ཏེ་ཆུའི་གནས་ཚུལ་དང་གློག་ཤུགས་ཁྲོམ་རའི་དུས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་གནད་སྨིན་དང་། འཕྲུལ་ཚན་ལ་ཞིབ་བཤེར་བཟོ་བཅོས། སྐུད་ལམ་འཁོར་སྐྱོད་བྱེད་སྟངས་བཅས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། འགག་རྩའི་དུས་སུ་འཕྲུལ་ཚན་ནས་གློག་གཏོང་ཐུབ་པ་དང་གློག་བརྟན་པོ་གཏོང་ཐུབ་པར་འགན་ལེན་བྱས་པ་རེད།
དབྱར་དུས་སུ་དྲོད་ཚད་མཐོ་བ་དང་སྒྲིག་ཆས་སྤྱོད་ཤུགས་ཆེ་བའི་ཁྱད་ཆོས་ལ་དམིགས་ནས་གློག་ཁང་དེས་སྔོན་འགོག་བྱེད་ཐབས་བཟོས་ཏེ་དམིགས་བསལ་གྱི་དྲོད་ཚད་མཐོ་བའི་དུས་མཚམས་སུ་སྐོར་ཞིབ་བྱེད་མང་དུ་གཏོང་བ་དང་། སྒྲིག་ཆས་ཀྱི་གནས་ཚུལ་ལ་དཔྱད་དཔོག་ཞིབ་ཚགས་བྱེད་པ། རླུང་འགྲོའི་སྒྲིག་ཆས་དང་། འཕྲུལ་ཚན་འཁོར་རྟེན་གྱི་དྲོད་ཚད། ཐེངས་གཅིག་རང་གི་སྒྲིག་ཆས་དང་དེ་བཞིན་རགས་ཆེན་གྱི་འབྲུབ་བཤངས་མ་ལག་བཅས་ལ་གཙོ་གནད་ཞིབ་བཤེར་བྱེད་པ། མངོན་མེད་རྐྱེན་ངན་གྱི་རྩིས་ཁྲ་བཟོས་ནས་སྐྱོན་ཆ“སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད”ཐུབ་པར་བྱེད་པ། ལག་རྩལ་རང་བཞིན་དང་། དཔེ་མཚོན་རང་བཞིན། ཡོངས་ཁྱབ་རང་བཞིན་བཅས་ལ་བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་བྱེད་པ། ཆོས་ཉིད་ཁོང་དུ་ཆུད་པ་དང་ཇུས་འདོན་གནད་འཕིགས་བཅས་བྱས་ཏེ། གློག་སྤྱོད་མང་ཤོས་ཀྱི་དུས་མཚམས་སུ་འཕྲུལ་ཚན་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།