ཚྭ་འདམ་གཤོངས་སའི་འདྲེ་ཚེར་མར་ལོ་ལེགས་བྱུང་བ།

ཉེ་ཆར། ཚྭ་འདམ་གཤོངས་སའི་ཤར་རྒྱུད་དུ་འདྲེ་ཚེར་མའི་ལོ་ལེགས་དུས་ཚིགས་འཆར་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་ནོར་མོ་ཧུང་ཞིང་ར་ནི་ཚྭ་འདམ་གཤོངས་སའི་འདྲེ་ཚེར་མའི་ཐོན་ཁུལ་གཙོ་བོ་ཡིན་ཞིང་། དུར་ལམ་རྫོང་གིས་འདྲེ་ཚེར་མའི་ཐོན་ལས་དེ་རྫོང་ཁོངས་ཀྱི་ཁྱད་ལྡན་ཀ་རྟེན་ཐོན་ལས་ལ་བཏོད་ཡོད། 2026ལོའི་ཟླ་8པའི་བར། རྫོང་དེའི་འདྲེ་ཚེར་མའི་འདེབས་འཛུགས་རྒྱ་ཁྱོན་ལ་མུའུ་ཁྲི་22.56ཟིན་ནས་དེ་སྔའི་བྱེ་ཐང་དང་ཐང་རྒོད་ད་ཆ་སྐྱེ་ཁམས་ལེགས་ལ་མང་ཚོགས་ལ་ཡོང་འབབ་འཕར་བའི“གསེར་མདོག་གི་གཤིན་སར”གྱུར་ཡོད། འདི་ནི་དུར་ལམ་རྫོང་ནོར་མོ་ཧུང་ཞིང་རའི་ལས་མི་ཚོས་འདྲེ་ཚེར་མ་འཐུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།