དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལས་ཀྲུང་གོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཕན་སྐུལ་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-13

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧྲའན་ཤིས་ཤིས་ཨན་གྱི་ཞིམ་ཟས་རིག་གནས་ཁྲོམ་གཞུང་ནས་ཞིམ་ཟས་ཉོ་བཞིན་པ།

    2026ལོའི་ལོ་སྟོད་དུ། ཀྲུང་གོས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་2291ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.4%འཕར་ཡོད། ཀྲུང་གོའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་དྲིན་ལས་ཕྱི་རྒྱལ་གྱི་འགྲུལ་པ་མང་དུ་ཕྱིན་ཡོད་པ་རེད།

    ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ཡིད་དབང་འགུག་ཐབས་ཤིག་ཡིན་པའི་ངོས་ནས། ཀྲུང་གོས་2023ལོའི་ཟླ་12ཚེས་1ཉིན་ནས་བཟུང་སྟེ་འཇར་མན་དང་། ཧྥ་རན་སེ། མ་ལེ་ཞི་ཡ། སི་ཕེན། ཧོ་ལན། དབྱི་ཐ་ལི་བཅས་རྒྱལ་ཁབ་6གི་སྤྱིར་བཏང་ལམ་ཡིག་ཡོད་མཁན་ལ་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་འཛུལ་ཆོག་པའི་སྲིད་ཇུས་ཚོད་ལྟའི་ལག་བསྟར་བྱས་པ་རེད། ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལས་ཀྲུང་གོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་སྟབས། ཀྲུང་གོ་སྲིད་གཞུང་གིས་བྱེད་ཐབས་དེ་རྒྱུན་བསྐྱངས་ཏེ་མིག་སྔར་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་50བར་རྒྱ་ཆེར་བཏང་བ་རེད།

    ཀྲུང་གོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དེས་རྒྱལ་སྤྱིའི་ཡུལ་སྐོར་ལ་སྐུལ་འདེད་ཐེབས་ནས་2025ལོར་ཀྲུང་གོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་6.97ཟིན་པ་དེ་དུས་མཚུངས་ལས་14.2%འཕར་ཡོད། 2025ལོར་རྒྱལ་སྤྱིའི་འགྲུལ་པ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་ཚད་མི་ཐེངས་ཁྲི་8200ལྷག་ཙམ་ཟིན་པ་དེ་2024 ལོ་ལས་26.4%འཕར་བའི་ནང་། འགྲུལ་པ་73%ལྷག་ཙམ་ལ་ཀྲུང་གོའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་ཕན་པ་ཐོབ་ཡོད།

    ཀྲུང་གོས་བྱ་ཐབས་སྣ་ཚོགས་བཏོན་པའི་ནང་ཐོངས་མཆན་མི་དགོས་པའི་འཆར་གཞི་རྒྱ་སྐྱེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ། དེ་བཞིན་ཡུལ་སྐོར་ཉམས་ལེན་ནང་མི་ཐབས་རིག་ནུས་ལག་རྩལ་མཉམ་འདྲེས་བྱས་ནས་རྒྱལ་མཚམས་འཛུལ་བའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད། ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་ལ་བསམ་གཞིག་བྱས་ཏེ་ཀྲུང་གོས་འབད་བརྩོན་བྱས་པ་དེ་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་སླར་གསོ་ཡོང་བར་གལ་འགངས་ཧ་ཅང་ཆེ་བའི་ནུས་པ་ཡོད།

    —— ཨ་རིའི་ཕྱི་འབྲེལ་མཁས་དབང་གི་དྲ་ཚིགས་ཐོག་གནས་ཚུལ་བཀོད་པ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།