དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཐོ་སློབ་ཀྱིས་ཐོན་ལས་དང་ཚན་ཞིབ་ཟུང་འབྲེལ་གྱི་ལམ་བུ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-13


    འདི་ནི་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་ཚན་ཞིབ་རྟེན་གཞིར་ཞིབ་འཇུག་པས་ཆུ་འབྲས་ཀྱི་སྤུས་ལེགས་ལྗང་པ་བདམས་ནས་རྟགས་རྒྱག་བཞིན་པ།

    ཀྲུང་གོའི་མཐོ་སློབ་མ་ལག་གི་འཕེལ་རྒྱས་ནི་རིག་གཞུང་གི་གྲོས་དོན་ཁོ་ན་མ་ཡིན་པར། རྒྱལ་ཁབ་དེའི་དཔལ་འབྱོར་དང་ཚན་རྩལ་ཕྱོགས་སྒྱུར་གྱི་ཆེས་ཐད་ཀའི་དམིགས་ཚད་གྲས་ཤིག་ཏུ་གྱུར་ཡོད།

    2026ལོར་འདུས་དཔྱད་ཚན་རིག་འཛམ་གླིང་སློབ་ཆེན་གྱི་རིག་གཞུང་གི་ཨང་རིམ་ལས་འཕེལ་ཕྱོགས་དེ་གསལ་པོར་མངོན་ཞིང་། ཀྲུང་གོའི་ནང་སའི་སློབ་ཆེན་16གོ་ལ་ཧྲིལ་པོའི་སློབ་ཆེན་རྩེ་གྲ་བརྒྱའི་ནང་ཚུད་པ་དང་། རྩེ་གྲ་བརྒྱའི་གྲངས་འབོར་ན་ནིང་ལས་སློབ་གྲྭ་3འཕར་ཡོད་པ་རེད། སློབ་གྲྭ་ཁག་གི་ཞིབ་ཕྲའི་ཨང་རིམ་ལས་དེ་བས་གལ་ཆེ་བ་ཞིག་ནི་མཐོ་སློབ་ཀྱི་འཛུགས་སྐྲུན་གཞི་ཁྱོན་ཡིན་ཞིང་། ཀྲུང་གོར་མཐོ་སློབ་ཀྱི་དྲ་རྒྱའི་གཞི་ཁྱོན་ཆེན་པོ་ལྡན་པས་ཚན་ཞིབ་དང་ཚན་རིག་ཤེས་ལྡན་པ་གསོ་སྦྱོང་ཐད་རྒྱལ་སྤྱི་དང་འགྲན་རྩོད་བྱེད་ཐུབ་ཀྱི་ཡོད་པ་རེད།

    རྒྱལ་སྤྱིའི་མིང་ཐོའི་ནང་གི་ཀྲུང་གོའི་མཐོ་སློབ་ཀྱི་ཨང་རིམ་མཐོ་རུ་སོང་བ་དེ་གྲངས་གཞི་གཅིག་པུ་མང་དུ་སོང་བ་ཁོ་ན་ནས་བལྟ་རྒྱུ་མེད། དེའི་རྒྱབ་ཏུ་རང་བརྟེན་ཚན་ཞིབ་ཀྱི་དངོས་ཤུགས་གཏོད་པ་དང་ཤེས་ལྡན་པ་ཉར་བ་དང་གསོ་སྐྱོང་བྱས་ཏེ། ཤེས་བྱ་ཞིབ་འཇུག་དང་ཐོན་ལས་དོན་འཁྱོལ་བྱེད་པའི་ཐབས་ལམ་གཏོད་པའི་ཡུན་རིང་གི་འཐབ་ཇུས་ཆ་ཚང་དེ་ཡིན།

    ཀྲུང་གོས་མཐོ་སློབ་ཀྱི་ཨང་རིམ་མཐོ་རུ་བཏང་བ་མ་ཟད། མཐུན་རྐྱེན་སྦྱར་ཏེ་མི་རབས་གསར་པས་རྒྱལ་ཁབ་འདིར་སློབ་གཉེར་དང་། ཚན་ཞིབ། གསར་གཏོད། ལས་གཏོད་བཅས་ལེགས་སྒྲུབ་བྱས་ཏེ། གཞོན་ནུ་ཤེས་ལྡན་པ་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་སུ་འགྱུར་བར་ཡང་སྐུལ་འདེད་དེ་བས་ཆེན་པོ་གཏོང་བཞིན་ཡོད།

    —— སི་ཕེན་གྱི་ཀྲེ་ཧྭ་སློབ་ཁང་དྲ་ཚུགས་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།