དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-13

    འདི་ནི་ལས་དོན་པས་ཐེན་ཧྥུའུ་ཧྲེང་ཨུ་རུ་སུའི་ཐོན་རྫས་ལུང་ཅང་ཨང་དང་པོ་རྟགས་ཅན་གྱི་མཛོད་ཁང་དུ་མངག་ཐོའི་དངོས་རྫས་དབྱེ་བ་འབྱེད་བཞིན་པ།

    འདི་ནི་ལས་དོན་པས་ལུའོ་སི་ཚོང་གྲོང་གི་རྒྱལ་སྒྲོལ་དྲ་ཚོང་གི་ཐད་གཏོང་རྟེན་གཞིར་ཚོང་ཟོག་ཐུམ་སྒྲིལ་རྒྱག་བཞིན་པ།

    འདི་ནི་དྲ་ཐོག་སྙན་སྒྲོན་པ་ཞིག་གིས་ཐེན་ཧྥུའུ་ཧྲེང་ཨུ་རུ་སུའི་ཐོན་རྫས་ལུང་ཅང་ཨང་དང་པོ་རྟགས་ཅན་གྱི་མཛོད་ཁང་དུ་ཐད་གཏོང་ཟོག་ཚོང་བྱེད་བཞིན་པ།

    ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པའི་སུའེ་ཧྥེན་ཧོ་གྲོང་ཁྱེར་ནི་ཨུ་རུ་སུའི་མཚོ་འགྲམ་མཐའ་མཚམས་ཁུལ་གྱི་སྐམ་ལམ་དང་འབྲེལ་ཞིང་། དེ་ནི་ཀྲུང་ཨུའི་དབར་ཚོང་དོན་འགྲོ་འོང་བྱེད་སའི་བགྲོད་ལམ་གལ་ཆེན་ཞིག་རེད། ད་ཕན་ལོ་ཤས་རིང་། སུའེ་ཧྥེན་ཧོ་གྲོང་ཁྱེར་གྱིས“ལོ་བརྒྱའི་འགག་སྒོའི”ས་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ནས། ཧེ་ལུང་ཅང་ཐེན་ཧྥུའུ་ཧྲེང་རྒྱལ་སྤྱིའི་ཟོག་འགྲུལ་གླིང་དང་ལུའོ་སི་ཚོང་གྲོང་རྒྱལ་སྒྲོལ་དྲ་ཚོང་ཐད་གཏོང་རྟེན་གཞི་སོགས་ལས་སྟེགས་བརྒྱུད། ཐད་གཏོང་ཟོག་འདེམས་དང་། མཛོད་ཉར་བརྒྱུད་འདྲེན། མྱུར་སྐྱེལ་སྡེབ་སྐྱེལ་སོགས་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་བཏོད་དེ། ཨུ་རུ་སུའི་རྒྱལ་སྒྲོལ་བསྡུ་འགྲེམས་ཀྱི་ལྟེ་བའི་འགག་གནད་གསར་པ་མགྱོགས་མྱུར་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།