དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྥུའུ་ཅན་གྱིས་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཡག་པོ་སྐྲུན་པར་ཤུགས་བརྒྱབ་པ།

    གསར་བརྗེའི་ཞིང་ས་གཤིན་པོར་གཞི་ཚུཌ་ཏེ། འབད་འབུངས་མདུན་སྐྱོད་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-13

    ཟླ་9པའི་ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་ཁྲང་ཐིང་རྫོང་ཀྲུང་ཧྥུའུ་གྲོང་ཚོའི་རི་ཀླུང་གང་སར་སྔོ་ལྗང་གོས་ཀྱིས་ཡོངས་སུ་བཀླུབས།

    1934ལོའི་ཟླ་9པའི་ཟླ་མཇུག་ཏུ། དམར་དམག་དམག་སྡེ་དགུ་པ་སུང་མའོ་ལིང་གཡུལ་འགྱེད་ནས་ཕྱིར་འཐེན་བྱས་རྗེས། ཀྲུང་ཧྥུའུ་གྲོང་ཚོར་མང་ཚོགས་དང་ཁ་གྱེས་པའི་ཚོགས་ཆེན་འཚོགས་པ་དང་། དམག་སྡེ་ཕྱོགས་གཉིས་སུ་གྱེས་ཏེ་འཐབ་ཇུས་རང་བཞིན་གྱི་གནས་སྤོ་བྱས་ནས། ལེ་དབར་ཁྲི་ཡི་རྒྱང་སྐྱོད་ལམ་བུར་སྐྱོད་འགོ་ཚུགས།

    2024ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། “གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཁྲང་ཐིང་དང་ཉིང་ཧྭའི་རྒྱང་སྐྱོད་རྒྱལ་ཁབ་སྤྱི་གླིང་ཡག་པོ་བསྐྲུན་ནས། གསར་བརྗེའི་ལོ་རྒྱུས་དཔྱད་གཞི་དང་གསར་བརྗེའི་རིག་དངོས་ཞིབ་འཇུག་འཆད་འགྲེལ་བྱེད་ཟབ་ཏུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང(ཧྥུའུ་ཅན་དུམ་བུ)གི་འཛུགས་སྐྲུན་དོ་དམ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་55.25བཏང་ཞིང་། “རྒྱང་སྐྱོད་ལམ་དུ་སྐྱོད་འགོ་ཚུགས་པ་དང་སུའུ་ཝུའེ་ཨེ་ནས་ཕྱིར་འཐེན་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་ངེས་གནས་སུ་བྱས་ཤིང་། ཀྲུང་དབྱང་དམར་དམག་གི་རྒྱང་སྐྱོད་ལམ་ཐིག་གཙོ་ཐིག་ཏུ་བྱས་ཏེ། རྒྱང་སྐྱོད་ལམ་བུའི་འགོ་འཛུགས་ས་ཁྲང་ཐིང་དང་ཉིང་ཧྭ་འཛུགས་སྐྲུན་ཁུལ་གཙོ་བོར་བྱས་པ་དང་། རྒྱང་སྐྱོད་ལས་དོན་དང་འབྲེལ་བའི་ས་ཁོངས་སྣུར་སྲིང་རྒྱ་སྐྱེད་ཁུལ་དུ་བྱས་པའི“གཙོ་ཐིག་གཅིག་དང་ཁུལ་གཉིས”ཀྱི་རྣམ་པ་ཆགས་ཡོད་པ་རེད།

    རྒྱང་སྐྱོད་ཀྱི་གནའ་ཤུལ་སྲུང་སྐྱོང་བྱས་ཏེ“གསར་བརྗེའི་གཅེས་ནོར”ལེགས་པར་སྲུང་བ།

    སན་མིང་གྲོང་ཁྱེར་ཉིང་ཧྭ་རྫོང་ཧྥེང་ཧོང་ཧྲན་གྲོང་ཚོར་སྐྱོད་སྐབས། རིང་ཚད་སྨི་400ལྷག་ཙམ་གྱི་དམར་དམག་ལམ་དུ་རྡོ་གཡམ་བཏིངས་པ་དང་། གཞོགས་གཡས་གཡོན་གཉིས་ཀྱི་ཁེ་ཅ་བའི་སྡོད་ཁང་གི་སྒོ་བྱང་ངོས་སུ“དམར་དམག་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་གསལ་ལྷང་ངེར་མངོན། ཡུལ་མི་ཧོང་ཡུང་ཁྲང་གིས“སྐབས་དེ་དུས་ངའི་སྤོ་བོ་ལགས་ལམ་དེ་ནས་ཐོན་པ་རེད”ཅེས་བརྗོད།

    ཀྲུང་དབྱང་གི་གཙོ་ཤུགས་དམར་དམག་རྒྱང་སྐྱོད་ཀྱི་ཐོན་ཡུལ་གལ་ཆེན་གྲས་ཤིག་ཡིན་པའི་ངོས་ནས། ཉིང་ཧྭ་ཡིས་རྫོང་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་གསར་བརྗེའི་རིག་དངོས་ལ་བརྒྱུད་རིམ་རང་བཞིན་ལྡན་པའི་སྲུང་སྐྱོང་བྱས་པ་དང་སྦྲགས། དོ་དམ་སྐོར་ཞིབ་ལམ་སྲོལ་དོན་འཁྱོལ་དང“རྙིང་པ་ལྟར་བཟོ་བཅོས་རྒྱག་པའི”རྩ་དོན་བརྩི་སྲུང་བྱས་ཏེ། ཁྲོམ་གཞུང་རྙིང་པ་དང་གནས་ས་རྙིང་པ་སྲུང་སྐྱོང་ཡག་པོ་བྱས་ནས། གསར་བརྗེའི་མཚོན་རྟགས་སོར་བཞག་བྱས་ཡོད་པ་རེད།

    གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་པ།

    ཀྲུང་ཧྥུའུ་གྲོང་ཚོའི་དམར་དམག་ཟམ་པའི་ཐོག་ཡུལ་མི་ཀྲུང་མིང་གིས་ཡུལ་སྐོར་བར་སྔར་སོང་གི་ལོ་ཟླའི་སྐོར་གླེང་སྐབས“ང་ཚོའི་ནང་མི་6དམར་དམག་ནང་ཞུགས་པ་དང་། རྗེས་སུ་ཚང་མ་རྒྱང་སྐྱོད་ཀྱི་ལམ་བར་དུ་སྐུ་གཤེགས་པ་རེད”ཅེས་བརྗོད་པ་དང་།

    ཁོང་གིས“ཧྥུའུ་ཅན་ནུབ་རྒྱུད་ཀྱི་བུ་ཕྲུག་ཁྲི་2.6རྒྱང་སྐྱོད་ནང་ཞུགས་པ་དང་ཧྲའན་པེར་སླེབས་སྐབས་མི་2000ལྷག་ཙམ་ལས་ལྷག་མེད”ཅེས་བརྗོད།

    ད་ལོ་ལོ་63ལ་སླེབས་པའི་ཀྲུང་མིང་གིས་ལོ་40ལྷག་ཙམ་གོང་ནས་རྒྱང་སྐྱོད་ཀྱི་ལོ་རྒྱུས་དཔྱད་གཞི་བསྡུ་རུབ་བྱེད་འགོ་ཚུགས་པ་དང་འབྲེལ་རིན་མེད་ངང་འགྲེལ་བཤད་བརྒྱབ་པས་2015ལོར་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་འགྲེལ་བཤད་པར་གདན་དྲངས། ཀྲུང་མིང་གིས་དམར་དམག་རྒན་གྲས་དང་རྗེས་རབས་པར་འཚམས་འདྲི་ཐེངས་མང་བྱས་པ་མ་ཟད། ད་དུང་ཤང་ཅང་གཡུལ་འགྱེད་ཀྱི་གནས་རྙིང་ཁུལ་དུ་སྔོན་གཤེགས་དཔའ་བོ་འཚོལ་ཞིབ་བྱེད་པར་ཐེངས་མང་བསྐྱོད་ཡོད། ཁོང་གི་སྐུལ་སློང་འོག་བུ་ཀྲུང་ཀྲེན་ཧྭ་ཡང་ཕ་ཡུལ་དུ་ལོག་ནས་འགྲེལ་བཤད་པའི་ལས་ལ་གཞོལ་བ་དང་ཕ་བུ་གཉིས་པོས་མཉམ་དུ་མི་སེམས་འགུལ་བའི་གཏམ་རྒྱུད་ཁག་གཅིག་སྔོག་འདོན་དང་ལེགས་སྒྲིག་བྱས་ཡོད་པ་རེད།

    ཧྥུའུ་ཅན་གྱིས་རྒྱང་སྐྱོད་རིག་དངོས་དང་ལོ་རྒྱུས་ཀྱི་དཔྱད་གཞི་སྔོག་འདོན་དང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། གསར་བརྗེའི་སློབ་གསོ་དང་དམངས་སྲོལ་ཉམས་ལེན་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་ཉམས་ལེན་བྱ་ཡུལ་བཏོད་ཡོད། “ཉེ་བའི་ལོ་ཤས་རིང་། རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱས་པའི་དྲིན་ལས་ང་ཚོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྔ་རྗེས་སུ་ཁྲོམ་གཞུང་སྒྱུར་བཀོད་དང་། ཁོར་ཡུག་བཅོས་སྒྲིག ཡུལ་སྐོར་ལམ་ཐིག་རིམ་སྤོར་བཅས་བྱས་ཡོད”ཅེས་ཀྲུང་ཧྥུའུ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲུང་ཁྲུན་ཡོན་གྱིས་བརྗོད། ན་ནིང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཁྱོན་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་བྱུང་ཡོད་པ་རེད།

    གསར་བརྗེའི་རིག་གནས་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    ཀྲུང་ཧྥུའུ་གྲོང་ཚོའི《སུང་མའོ་ལིང་གི་བརྩེ་བ》ཞེས་པའི་དབྱིངས་ཞུགས་རྣམ་པའི་འཁྲབ་སྟོན་ཚོམས་ཆེན་ནང་། གཉེན་སྒྲིག་བྱས་མ་ཐག་པའི་ཆུང་མ་ཨ་མེ་ཡིས་དམར་དམག་ནང་ཞུགས་པའི་བཟའ་ཟླ་ཨ་ཀེན་ལ་སྐྱེལ་མ་བྱེད་པའི་གཏམ་རྒྱུད་འཁྲབ་བཞིན་ཡོད། དེང་རབས་ཀྱི་སྒྲ་འོད་བརྙན་གྱི་བྱེད་ཐབས་ལ་བརྟེན་ནས། མི་རྣམས་ངར་སེམས་རབ་ཏུ་འཕེལ་བའི་ལོ་རབས་དེར་ཕྱིར་ལོག་པ་དང་གཉིས་སུ་མེད། ཧྥེང་ཧོང་ཧྲན་གྲོང་ཚོའི“དམར་དམག་ཁྲོན་པ”དེ་དམར་དམག་འཐབ་འཛིང་པས་རྒྱས་སྐྲུན་བྱེད་རོགས་བྱས་པ་ཡིན་ལ་ཡུལ་མི་ཚོས་ད་བར་བེད་སྤྱོད་གཏོང་བཞིན་ཡོད། ཉིང་ཧྭ་རྫོང་ཨུད་ཏང་གི་སློབ་གྲྭས་ཁྲོན་པ་དེ་ཚུད་པའི་ཧྥེང་ཧོང་ཧྲན་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་འགོ་འཛུགས་སའི་གནས་རྙིང་དག་ས་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་སུ་གཏན་འཁེལ་བྱས་པས། གསར་བརྗེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཡིད་དབང་འགུག་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ཞིང་། ཧྥུའུ་ཅན་གྱིས་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཐོན་ཁུངས་སྤྱད་ནས“ཧྥུའུ་ཅན་ལ་བསྐྱོད་དེ་ལྟ་བ”ཞེས་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི་ཞིབ་སློབ་ལག་ལེན་ཁུལ་བཏོད་དེ། གྲོང་ཁྱེར་རིམ་པ་ཡན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སློབ་ལག་ལེན་སློབ་གསོའི་རྟེན་གཞི་191དང་ས་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་200ལྷག་ཙམ་བསྐྲུན་པ་རེད། 2022ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་སློབ་མ་མི་ཐེངས་ཁྲི་33ལ་གསོ་སྦྱོང་བྱས་པ་དང་སློབ་མ་མི་ཐེངས་ཁྲི་168ལྷག་ཙམ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་ཞིབ་སློབ་ལག་ལེན་བྱེད་སྒོ་སྤེལ་ཏེ། གཞོན་ནུ་ལོ་ཆུང་གིས་གསར་བརྗེའི་ལོ་རྒྱུས་ཤེས་རྟོགས་དང་ངོས་འཛིན་བྱེད་ཤུགས་རྒྱུན་མཐུད་ཟབ་ཏུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།