དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་4.99ཟིན་པ།

    རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་ས་མཚུངས་ལས་26.8%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-13

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་4.99ལ་དཔྱད་བཤེར་བྱས་པ་དེ་དུས་མཚུངས་ལས་8.7%འཕར་བ་དང་། དེའི་ཁྲོད་ནང་སའི་གྲོང་མི་མི་ཐེངས་དུང་ཕྱུར་2.42དང་། ཀང་ཨའོ་ཐའེ་ཡི་གྲོང་མི་མི་ཐེངས་དུང་ཕྱུར་1.96 ཕྱི་རྒྱལ་བ་མི་ཐེངས་ཁྲི་6128.7བཅས་ཟིན་པ་དེ་དུས་མཚུངས་ལས་10%དང་། 8.9% 19.5%སོ་སོར་འཕར་ཡོད། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་2372ཟིན་པ་དེས་77.6%བཟུང་ནས་དུས་མཚུངས་ལས་26.8%འཕར་ཡོད། རིམ་རྩིས་བརྒྱབ་ན། རྒྱལ་མཚམས་ནས་འཛུལ་སྒྲོལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཐེངས་ཁྲི་2814.8(མེ་འཁོར་དང་། གྲུ་གཟིངས། རླངས་འཁོར)ལ་དཔྱད་བཤེར་བྱས་པ་དེ་དུས་མཚུངས་ལས་15%འཕར་བ་དང་། དེའི་ནང་གནམ་གྲུ་ཐེངས་ཁྲི་66.5དང་། མེ་འཁོར་ཐེངས་ཁྲི་7.5 གྲུ་གཟིངས་ཐེངས་ཁྲི་30.6 འཕྲུལ་སྒུལ་འཁོར་རིགས་ཐེངས་ཁྲི་2710.2བཅས་ཟིན་པ་དེ་དུས་མཚུངས་ལས་0.5%དང་། 5.6% 4.1% 15.6%སོ་སོར་འཕར་ཡོད།

    རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གནས་སྤོས་ཡུལ་མིར་དོ་དམ་བྱེད་པའི་སྲིད་ཇུས་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་རྒྱུན་མཐུདགཏོང་བ་དང་། ཁུལ་ཁོངས་སྒོ་དབྱེའི་བཀོད་པ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། མཐའ་མཚམས་ཞིབ་བཤེར་དང་དཔྱད་བཤེར་བྱེད་སྟངས་གསར་གཏོད་དང་ལེགས་སུ་གཏོང་བ། སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་བ། མི་སྣ་དང་། དངོས་ཟོག འགྲིམ་འགྲུལ་ཡོ་བྱད་བཅས་ཀྱི་འགག་སྒོའི་འགག་སྒྲོལ་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་བའི་དཔལ་འབྱོར་ཚོང་དོན་འགྲོ་འོང་དེ་བས་སྟབས་བདེ་དང་བདེ་བླག་ཡོང་བ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།