མྱུར་སྐྱེལ་གྱི་ཁེ་སྤོགས་འཕར་ཚད་ནས་གསོན་ཤུགས་ལ་ལྟ་བ།
ཉིན་ཤས་གོང་། མྱུར་སྐྱེལ་ཁྲོམ་ཞུགས་ཀུང་སི་གཙོ་བོ་རྣམས་ཀྱིས“ལོ་ཕྱེད་ཀྱི་སྙན་ཞུ”གཅིག་རྗེས་གཉིས་མཐུད་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་མི་རྣམས་ཀྱིས་དོ་སྣང་བྱེད་ས་ཞིག་ནི། ཁེ་སྤོགས་འཕར་ཚད་ཡོངས་ཁྱབ་ངང་མྱུར་སྐྱེལ་གྱི་འཕར་ཚད་ལས་བརྒལ་བ་དེ་རེད། དེ་ཐོག་ནས་མྱུར་སྐྱེལ་ལས་རིགས་དེ་ཉིད“གྲངས་འབོར་མང་དུ་ཕྱིན་ཡང་ཁེ་སྤོགས་ཉུང་དུ་ཕྱིན་པའི”གནས་སྟངས་ལས་ཐར་ནས་གསོན་ཤུགས་སྔར་བས་ཆེན་པོ་མངོན་པ་མཚོན་གྱི་ཡོད།
དེ་ལྟ་བུའི་གསོན་ཤུགས་གང་ནས་བྱུང་བ་ཡིན་ནམ།
ཐོན་སྐྱེད་ནུས་ཤུགས་གསར་མ་དར་འཕེལ་བྱུང་ཞིང་། “མི་ཐབས་མྱུར་སྐྱེལ”དེ“བློ་རིག་མྱུར་སྐྱེལ”དུ་གྱུར་ནས་གྲངས་རིག་ཕྱོགས་སྒྱུར་གྱིས་ཁེ་སྤོགས་མགྱོགས་མྱུར་འཕར་ཡོད། ཉེ་འཁོར་གྱི་རིག་ནུས་སྒྲིག་ཆས་དང་ཁེ་ལས་ཀྱི་རིག་ནུས་བཀོལ་སྤྱོད་རྒྱུན་དུ་མཐོང་རྒྱུ་ཡོད་པ་དང་། མི་ཐབས་རིག་ནུས་ཀྱིས་ལས་རིགས་བརྒྱ་ཕྲག་མང་པོར་མཐུན་རྐྱེན་སྦྱར་ནས་དངོས་ཚན་དཔལ་འབྱོར་གྱི་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་ཐོན་ཡོད།
དཔལ་འབྱོར་སྒྲིག་སྲོལ“བབ་བསྟུན་བྱེད་ཐུབ”ལ“དོ་དམ་ཡག་པོ་ཐུབ”ཅིང་། མྱུར་སྐྱེལ་ལས་རིགས་ཁོ་ན་ཙམ་མིན་པར་ངར་ལྕགས་དང་འོད་ཤུགས་ནས་རླངས་འཁོར་དང་ཕྱིར་ཚོང་བར་ནུས་ལྡན་ཁྲོམ་ར་དང་འཇོན་ནུས་ཆེ་བའི་སྲིད་གཞུང་གིས་ཁ་ཕྱོགས་གཅིག་ལ་འབད་བརྩོན་བྱས་ནས། ནང་རྨུག་རྣམ་པའི་འགྲན་རྩོད་ལ་བཅོས་སྒྲིག་གཏིང་ཟབ་བྱས་པར་ཕན་འབྲས་རྒྱུན་ཆད་མེད་པར་ཐོབ་ཡོད།
འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱིས་གདེང་ཚོད་བརྟན་དུ་བཏང་ཞིང་། ཐུམ་སྒྲིལ་གྱི་གྲངས་འབོར་འཕར་བ་དེ་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་མཉེན་ཆ་ཆེ་རུ་རྒྱུན་མཐུད་ཕྱིན་པ་དང་། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་མངོན་གྱི་ཡོད། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རར་བརྟེན་ནས་འཛད་སྤྱོད་དགོས་མཁོའི་འགྱུར་ལྡོག་ལ་བསྟུན་པ་དང་མཁོ་སྤྲོད་སྙོམ་སྒྲིག་ལེགས་སུ་བཏང་བས། གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཆེ་རུ་ཕྱིན་ཡོད།
ཡིད་ཆེས་བརྟན་པོ་དང་དཀའ་ངལ་ཁྱད་བསད་ཀྱིས་གོ་སྐབས་དང་ལེགས་ཆ་སྣ་ཚོགས་ལ་བརྟེན་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱེ་སྟོབས་ཚད་མེད་དང་འབྱུང་འགྱུར་ལ་རེ་བས་ཁེངས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།