མི་དམངས་ཉིན་རེའི་ཚགས་པར་གྱི་ཞའོ་ཧུང་ཧྲུའུ་ཡི་གཞུང་ཕྱོགས་ཨང་རྟགས་དངོས་སུ་སྤྱོད་འགོ་ཚུགས་པ།
ཟླ་9ཚེས་10ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་ཞའོ་ཧུང་ཧྲུའུ་ཡི་གཞུང་ཕྱོགས་ཨང་རྟགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། འདི་ནི་མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རིང“ཁྱབ་རྒྱ་གསུམ”ཆེ་རུ་གཏོང་བ་དང་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་རེད་ལ། ན་གཞོན་ཅན་ལ་འཚམ་པའི་བརྒྱུད་སྤེལ་བྱེད་སྟངས་གསར་གཏོད་བྱས་པའི་བཀོད་ཇུས་ཤིག་ཀྱང་རེད།
དུས་ཡུན་རིང་པོའི་ནང་། མི་དམངས་ཉིན་རེའི་ཚགས་པར་གྱི་སྐུལ་ལྕག་ལེགས་བཤད་དང་། སྤྱི་ཚོགས་ཀྱི་ལྟ་ཞིབ། དུས་རབས་ཀྱི་མྱོང་ཚོར་སོགས་དྲང་ནུས་ཀྱི་ནང་དོན་ཞའོ་ཧུང་ཧྲུའུ་ཡི་ལས་སྟེགས་སུ་རང་འགུལ་ངང་བརྒྱུད་སྤེལ་རྒྱ་ཁྱབ་ཐུབ་ཡོད། མི་དམངས་ཉིན་རེའི་ཚགས་པར་གྱི་ཞའོ་ཧུང་ཧྲུའུ་ཡི་ཨང་རྟགས་སྤྱོད་འགོ་ཚུགས་རྗེས་སྐར་མ་10ཡི་ནང་ཕིང་ཁྲི་1ལས་བརྒལ་ཡོད། སྤྱོད་འགོ་ཚུགས་ནས་ཆུ་ཚོད་1.5སོང་རྗེས་ཕིང་ཁྲི་10ལས་བརྒལ་ཡོད། ཟླ་9ཚེས་10ཉིན་གྱི་ཆུ་ཚོད་24བར་ཨང་རྟགས་ཀྱི་ཕིང་ཁྲི་44.3ཟིན་ནས་མོས་བསྟོད་དང་ཉར་ཚགས་བྱེད་མཁན་ཁྲི་33ཙམ་ཟིན་ཡོད།
མི་དམངས་ཉིན་རེའི་ཚགས་པར་གྱི་ཞའོ་ཧུང་ཧྲུའུ་ཨང་རྟགས་སྤྱོད་འགོ་ཚུགས་རྗེས་གཙོ་རྒྱུན་རིན་ཐང་གི་ཁྲིད་སྟོན་མཐའ་འཁྱོངས་དང་། ལས་སྟེགས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ། སྤུས་ལེགས་ནང་དོན་རྒྱུན་མཐུད་བརྒྱུད་སྤེལ་བཅས་བྱས་ནས། གཞོན་ནུའི་མཐོང་ཚོར་བརྒྱུད་དུས་རབས་ལ་གསལ་འགྲེལ་དང་འཚོ་བའི་ཁྲོད་ཀྱི་སྐད་ཆ་ནས་རིན་ཐང་བརྒྱུད་སྤེལ་བྱས་ཏེ་དྲ་རྒྱའི་དར་སྲོལ་དྭངས་གཙང་ལ་ཁྲིད་སྟོན་ཐད་རམ་འདེགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།