ཀན་སུའུ་ཡི་རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཚབས་ཆེན་ལ་ཞིང་ཆེན་རིམ་པས་ཐད་ཀར་བརྟག་དཔྱད་བྱས་པ།
ཉེ་ཆར། ཀན་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས《ཀན་སུའུ་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིར་ཞིང་ཆེན་རིམ་པས་གྱོད་དོན་ཐོ་འགོད་བྱས་ནས་ཐད་ཀར་བརྟག་དཔྱད་དང་། མིང་སྦྱར་སྒྲུབ་སྐུལ། ཡོངས་བསྒྲགས་བརྡ་ཁྱབ་གཏོང་བ་བཅས་ཀྱི་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། དེའི་དམིགས་ཡུལ་ནི་ཁྲིམས་བསྟར་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་བསྟར་གྱི་ནུས་ཕྱོད་ཆེ་རུ་གཏོང་བ། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཚབས་ཆེན་དང་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞིར་ཞིབ་བཤེར་ཐག་གཅོད་དང་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་བྱུང་ཐོན་ཁུངས་དོ་དམ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་དེ་རེད།
བྱ་ཐབས་དེ་ཀན་སུའུ་ཞིང་ཆེན་མངའ་ཁོངས་ཀྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཚབས་ཆེན་དང་། རྙོག་འཛིང་། དཀའ་གནད་དམ་ཡང་ན་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཅུང་ཆེ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིར་སྤྱོད་པར་འཚམ་ཞིང་། ཞིང་ཆེན་རིམ་པས་གྱོད་དོན་ཐོ་འགོད་བྱས་ནས་ཐད་ཀར་བརྟག་དཔྱད་དང་། མིང་སྦྱར་སྒྲུབ་སྐུལ། ཡོངས་བསྒྲགས་བརྡ་ཁྱབ་གཏོང་བ་བཅས་ཀྱི་རྣམ་པའི་ཐོག་ནས། ཞིང་ཆེན་རིམ་པས་གྱོད་དོན་ཐོ་འགོད་བྱས་ནས་ཐད་ཀར་བརྟག་དཔྱད་དང་། མིང་སྦྱར་སྒྲུབ་སྐུལ། ཡོངས་བསྒྲགས་བརྡ་ཁྱབ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་དང་ལས་ཀའི་གོ་རིམ་ཁ་གསལ་བཟོས་ཡོད་པ་རེད།
བྱ་ཐབས་ནང་། གྲོང་ཁྱེར(ཀྲོའུ)སྲིད་འཛིན་ས་ཁོངས་ལས་བརྒལ་བའི་གྱོད་གཞི་དང་། ཡུན་གནས་གཞི་རྩའི་ས་ཞིང་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སོགས་དམ་བསྒྲགས་ས་ཁོངས་ཁྲིམས་འགལ་བཟུང་སྤྱོད་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོ་བ་དང་། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་ཁྲིམས་འགལ་རྩད་ཞིབ་དང་སྔོག་འདོན་བྱས་ནས་རྒྱལ་ཁབ་ལ་གྱོང་གུན་ཚབས་ཆེན་བཟོ་བ། ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ནམ་ཡང་ན་གླེང་ཕྱོགས་ཚབས་ཆེན་བྱུང་བ་སོགས་ཀྱི་གནས་ཚུལ་རིགས་7དང་འབྲེལ་བ་ཡོད་རིགས་ལ་ཀན་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་གྱོད་དོན་ཐོ་འགོད་བྱས་ནས་ཐད་ཀར་བརྟག་དཔྱད་བྱེད་ཆོག་པ་དང་། གྱོད་དོན་ཐོ་འགོད་བྱས་རྗེས་ཀྱི་ཉིན་90ཡི་ནང་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་བྱེད་ཆོག་གི་ཡོད་པ་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།