དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཏ་ཁར་གཞོན་ནུའི་ཨོ་ལིམ་ཕིག་གི་དཔལ་འབར་ཀེ་རི་སེའི་ཨ་ཐེན་སི་རུ་བདེ་བླག་ངང་སྤར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-12


    འདི་ནི་ཟླ་9ཚེས་10ཉིན་ཀེ་རི་སེའི་ཨ་ཐེན་སི་ཕཱ་ནཱ་ཤིན་ནཱ་ཁོ་ལུས་རྩལ་ཐང་དུ་བུད་མེད་ཀྱི་མཆོད་དཔོན་འཁྲབ་མཁན་ཀེ་རི་སེའི་འཁྲབ་སྟོན་པ་ཁཱ་ཐེ་ལི་ནཱ·སྨི་ཞི་ཧོ་ལུའོ་ཉི(མདུན)ཡིས་དཔལ་འབར་ཁྱེར་ནས་མེ་ཕོར་ཆེན་པོའི་མེ་སྤོར་བཞིན་པ།

    འདི་ནི་ཟླ་9ཚེས་10ཉིན། ཀེ་རི་སེའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱི་ཞི་ཏུའོ་ལུའོ་སི·ཁུའུ་ཝེ་ལུའོ་སི(གཡས)ཡིས་ཨ་ཐེན་སི་ཕཱ་ནཱ་ཤིན་ནཱ་ཁོ་ལུས་རྩལ་ཐང་དུ་2026ལོའི་ཏ་ཁར་གཞོན་ནུའི་ཨོ་ལིམ་ཕིག་ཨུ་ལྷན་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་མཱ་མཱ་ཏུའུ·ཏི་ཡཱ་ཉི་ཡཱ·ཨེན་ཏི་ཡཱ་ཡེ་ལ་དངོས་སུ་དཔལ་འབར་རྩིས་སྤྲོད་བཞིན་པ།

    འདི་ནི་ཟླ་9ཚེས་10ཉིན་ཀེ་རི་སེའི་ཨ་ཐེན་སི་ཕཱ་ནཱ་ཤིན་ནཱ་ཁོ་ལུས་རྩལ་ཐང་དུ་བུད་མེད་ཀྱི་མཆོད་དཔོན་འཁྲབ་མཁན་ཀེ་རི་སེའི་འཁྲབ་སྟོན་པ་ཁཱ་ཐེ་ལི་ནཱ·སྨི་ཞི་ཧོ་ལུའོ་ཉི་ཡིས་མེ་སོན་ལེན་བཞིན་པ།

    འདི་ནི་ཟླ་9ཚེས་10ཉིན་ཀེ་རི་སེའི་ཨ་ཐེན་སི་ཕཱ་ནཱ་ཤིན་ནཱ་ཁོ་ལུས་རྩལ་ཐང་དུ་འཁྲབ་སྟོན་པས་རིག་གནས་འཁྲབ་སྟོན་བྱེད་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་10ཉིན། 2026ལོའི་ཏ་ཁར་གཞོན་ནུའི་ཨོ་ལིམ་ཕིག་གི་དཔལ་འབར་ཀེ་རི་སེའི་ཨ་ཐེན་སི་རུ་བདེ་བླག་ངང་སྤར་ཞིང་། དེ་རྗེས་འཚོགས་པའི་མཛད་སྒོའི་ཐོག་ཏ་ཁར་གཞོན་ནུའི་ཨོ་ལིམ་ཕིག་སྒྲིག་འཛུགས་ཨུ་ལྷན་ལ་སྤྲད་པ་རེད། སྔོན་དཔག་ལྟར་ན་དཔལ་འབར་གྱི་མེ་སོན་ཚེས་12ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁར་དུ་འབྱོར་རྒྱུ་རེད། ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་གཉེར་བའི་ཨོ་ལིམ་ཕིག་གི་འགྲན་བསྡུར་ཐོག་མ་དེ་ཡིན་པའི་ངོས་ནས། ཏ་ཁར་གཞོན་ནུའི་ཨོ་ལིམ་ཕིག་འགྲན་བསྡུར་ཟླ་10ཚེས་31ཉིན་ནས་ཟླ་11ཚེས་13ཉིན་བར་གཉེར་རྒྱུ་དང་། སྔོན་དཔག་ལྟར་ན་ལུས་རྩལ་པ་2700ལྷག་ཙམ་འགྲན་བསྡུར་ལ་ཞུགས་རྒྱུ་རེད། ཟླ་9ཚེས་14ཉིན། སེ་ནེ་ཀལ་དུ་དཔལ་འབར་བརྒྱུད་སྤྲོད་བྱེད་འགོ་ཚུགས་རྒྱུ་དང་ཟླ་10ཚེས་30ཉིན་མཇུག་འགྲིལ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།